མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོར་བོད་ལྗོངས་ཀྱི་སློབ་ཆེན་གཉིས་སུ་དངོས་གཞིའི་ཆེད་ལས5གསར་སྣོན་བྱས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-01 10:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན།2014ལོར་བོད་ལྗོངས་ཀྱི་སློབ་ཆེན་གཉིས་སུ་དངོས་གཞིའི་ཆེད་ལས5གསར་སྣོན་བྱས་ཤིང་། 《སློབ་གསོ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི2013ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཆེད་ལས་བཀོད་སྒྲིག་འཆར་གཞིའམ་ཞིབ་བཤེར་མཇུག་འབྲས་སྐོར་གྱི་འབྲེལ་ཡོད་བརྡ་ཐོ》ལྟར་ན། བོད་ལྗོངས་སློབ་ཆེན་གྱིས་ལོ་བཞིའི་ཆབ་སྲིད་རིག་པ་དང་སྲིད་འཛིན་རིག་པའི་ཆེད་ལས་གསར་སྣོན་བྱས་ཤིང་། དེར་ཁྲིམས་ལུགས་རིག་པའི་ཡོན་གནས་གནང་རྒྱུ་ཡིན་པ་དང་། དེ་མིན་ལོ་བཞིའི་རྒྱང་སྒྲོག་བརྙན་འཕྲིན་བཟོ་སྐྲུན་ཆེད་ལས་གསར་སྣོན་བྱས་ཤིང་། དེར་བཟོ་ལས་རིག་པའི་ཡོན་གནས་གནང་རྒྱུ་ཡིན་པ་རེད།

བོད་ལྗོངས་མི་རིགས་སློབ་གླིང་གིས་ལོ་བཞིའི་དྲུང་ཡིག་གི་ཆེད་ལས་ཁ་སྣོན་བྱས་ནས་རིག་གཞུང་གི་ཡོན་གནས་གནང་རྒྱུ་ཡིན་པ་དང་། ལོ་བཞིའི་རིག་དངོས་དང་དངོས་མང་བཤམས་སྟོན་རིག་པ་ཁ་སྣོན་བྱས་ནས་ལོ་རྒྱུས་རིག་པའི་ཡོན་གནས་གནང་རྒྱུ་ཡིན་པ། དེ་མིན་ལོ་བཞིའི་གྲངས་འཛིན་སྨྱན་སྦྱོར་ལག་རྩལ་ཁ་སྣོན་བྱས་ནས་བཟོ་ལས་རིག་པའི་ཡོན་གནས་གནང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག