མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འདས་ཟིན་པའི་ལོ་ལྔའི་ནང་བོད་ལྗོངས་ཀྱིས་བྱེ་འགོག་བྱེ་བཅོས་བྱེད་ཚད་ས་ཞིང་མུའུ་ཁྲི161ལྷག་ལ་སླེབས་པ།

  ཡོང་ཁུངས། མི་དམངས་དྲ་བ།  2014-03-31 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2009ལོ་ནས2013ལོའི་བར་དུ་བོད་ལྗོངས་ཀྱིས་བསྡོམས་པས་ས་ཞིང་ལ་བྱེ་འགོག་བྱེ་བཅོས་བྱེད་ཚད་མུའུ་ཁྲི161.991ལེགས་འགྲུབ་བྱུང་ཞིང་། མ་དངུལ་སྒོར་དུང་ཕྱུར3.49བཏང་ཡོད་པ་དང་། བྱེ་འགོག་བྱེ་བཅོས་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་ཐང་སྟོང་དང་ཞིང་ས་བྱེ་ཐང་ཅན་དུ་གྱུར་བའི་ས་ཁུལ་ལ་བཅོས་སྒྲིག་བྱས་ནས་ཚོད་འཛིན་ཐུབ་པ་བྱུང་།

རང་སྐྱོང་ལྗོངས་ནགས་ལས་ཐིན་གྱི་ཐིན་ཀྲང་ལའེ་ཀའེ་ལུང་གིས་བཤད་རྒྱུར། མིག་སྔར་ལྗོངས་ཡོངས་ཀྱི་བྱེ་ཐང་ཅན་དུ་གྱུར་བའི་ས་ཞིང་རིགས་སོ་སོ་མུའུ་སྤྱི་ཆིང་ཁྲི2161.86ཡོད་པ་དང་། བོད་ལྗོངས་ཀྱི་ཞིང་སའི་གཞི་ཁྱོན་གྱི18%ཟིན་ཡོད་དེ། 2004ལོར་ཞིབ་བཤེར་བྱས་པའི་རྒྱ་ཁྱོན་དང་བསྡུར་ན་སྤྱི་ཆིང་ཁྲི6.57ཇེ་ཉུང་དུ་སོང་ཡོད། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་བོད་ལྗོངས་ཤར་ལྷོའི་ས་ཁུལ་དུ་བྱེ་འགོག་བྱེ་བཅོས་བྱེད་པའི་བཟོ་སྐྲུན་དང་། རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན། བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་འགོག་རགས་འཛུགས་སྐྲུན་བཅས་སྐྱེ་ཁམས་ཉམས་གསོའི་བཟོ་སྐྲུན་བཅུ་ཁ་ལྷག་ལག་བསྟར་བྱས་པས། ཐབས་ལམ་འདི་དག་ནི་བྱེ་ཐང་རྒྱ་བསྐྱེད་པར་འགོག་བཅོས་བྱེད་པའི་གནད་འགག་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ལྷོ་ཁ་ས་ཁུལ་ཏེ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་གྱིས་བྱེ་བཅོས་ནགས་སྐྱོང་བྱེད་པའི་བྱ་བ་གཙོ་བོ་དེ་ཡར་ཀླུང་གཙང་བོའི་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་རྒྱ་བསྐྱེད་དེ། ལོ་རེར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར100ལྷག་བཀོད་སྒྲིག་བྱས་ནས་བྱེ་འགོག་བྱེ་བཅོས་བྱ་བའི་ཐད་བེད་སྤྱོད་བཞིན་ཡོད། ལྷག་པར་དུ་འདུས་ཟིན་པའི་ལོ་ལྔའི་ནང་སྐྱེ་དངོས་དང་བཟོ་སྐྲུན་གཉིས་ཕྱོགས་བསྡུས་བཅོས་བསྒྱུར་བྱས་པ་ལས་ཕན་འབྲས་མངོན་གསལ་ཐོབ་ཡོད་ཅིང་། བོད་ལྗོངས་ཀྱིས་བྱེ་འགོག་བྱེ་བཅོས་བྱེད་པའི་མིག་དཔེ་ས་ཁུལ་དུ་གྱུར་ཡོད་ལ། ན་ནིང་ལོ་ཧྲིལ་བོར་ལྷོ་ཁ་ས་ཁུལ་ཀྱིས་ས་ཞིང་མུའུ3330ལ་བྱེ་འགོག་བྱེ་བཅོས་བྱེད་པར་རྩ་འཛུགས་བྱས་ནས་ལེགས་འགྲུབ་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག