མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོར་བོད་ལྗོངས་ཀྱིས་གཞུང་ཞབས་མི་སྣ11000བསྡུ་ལེན་བྱ་རྒྱུ་རེད།

  ཡོང་ཁུངས། མི་དམངས་དྲ་བ།  2014-03-31 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་རྒྱུགས་ལེན་བྱ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཟླ3པའི་ཚེས27ཉིན་གྱི་སྔ་དྲོ་ཚོགས་ཤིང་། གསར་འགོད་པས་ཁྱབ་སྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་སྐོར་ཐེངས་གཉིས་ལ་གཞུང་ཞབས་མི་སྣ11000བསྡུ་ལེན་བྱ་རྒྱུ་རེད། དེ་མིན་ད་ལོ་ནས་བཟུང་། བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་གནས་སྟེང་ཞུགས་པའི་རྒྱུགས་ལེན་པའི་དུས་ཚོད་དང་སློབ་ཚན་ཡང་ལེགས་སྒྲིག་བྱས་ཡོད།

བོད་རང་སྐྱོང་ལྗོངས་གཞུང་ཞབས་ཅུའུ་ལས་གནས་དོ་དམ་དང་རྒྱུགས་ལེན་མི་སྣ་བསྡུ་ལེན་ཁྲུའུ་ཡི་ཁྲུའུ་ཀྲང་ལིག་ཅིན་སུང་གིས་བཤད་རྒྱུར། 2014ལོར་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མར་རྩ་འཛུགས་བྱས་ཏེ་རྒྱུགས་སྐོར་ཐེངས་གཉིས་ལེན་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་སྐོར་ཐེངས་དང་པོར་གཞུང་ལས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ7500བསྡུ་ལེན་བྱ་རྒྱུ་ཡིན་ལ་ཟླ4བའི་ནང་རྩ་འཛུགས་དང་ལག་བསྟར་བྱ་རྒྱུ་རེད། སྐོར་ཐེངས་གཉིས་པར་གཞི་རིམ་གྱི་གཞུང་ཞབས་པ་མི3500(དེའི་ནང་སློབ་ཆེན་སློབ་མའི་སྡེ་དཔོན་མི1150དང་གཞི་རིམ་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་མི300འདུས)བསྡུ་ལེན་བྱ་རྒྱུ་ཡིན་པས། ཟླ7པར་རྩ་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག