མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཀྲུང་དབྱང་གི་སྤྱི་ཕན་ནགས་ཚལ་སྐྱིན་གསབ་མ་དངུལ་སྒོར་དུང་ཕྱུར7.7རྩིས་སྤྲོད་བྱ་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-31 10:43

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས28ཉིན་བོད་ལྗོངས་ནགས་ལས་ཐིན་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་ཏེ། ད་ལྟའི་ནགས་ཚལ་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་ཆེད། ད་ལོར་བོད་ལྗོངས་ཀྱིས་ཀྲུང་དབྱང་ནོར་སྲིད་ནགས་ཚལ་སྐྱེ་ཁམས་སྐྱིན་གསབ་མ་དངུལ་སྒོར་དུང་ཕྱུར7.7རྩིས་སྤྲོད་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ནི2004ལོ་ནས་བཟུང་རྒྱལ་ཁབ་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཁྲོད་དངོས་སུ་ཚུད་ཤིང་། ལོ་དེར་ནོར་སྲིད་པུའུ་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་ཆོག་མཆན་ཐོབ་པའི་སྤྱི་ཕན་ནགས་ཚལ་གལ་ཆེན་གྱི་རྒྱ་ཁྱོན་མུའུ་ཁྲི1415.55ཡོད། མིག་སྔའི་བར་དུ་བོད་ལྗོངས་ཀྱི་ས་ཁུལ་དང(གྲོང་ཁྱེར)7གྱི་ཁྲོད་རྫོང65སྤྱི་ཕན་ནགས་ཚལ་ལ་སྐྱིན་གསབ་སྟེར་བའི་ཁྱབ་ཁོངས་ཁྲོད་བཅུག་ཡོད་དེ། ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར1.5ཟིན་ལ། སྐྱིན་གསབ་སྟེར་བའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན། རང་སྐྱོང་ལྗོངས་ནགས་ལས་ཐིན་ནགས་ཚལ་ཐོན་ཁུངས་སྲིད་འཛིན་ཁྲུའུ་ཡི་ལས་བྱེད་མི་སྣས་བཤད་རྒྱུར། ད་ལྟ་སྤྱི་ཕན་ནགས་ཚལ་ལ་སྐྱིན་གསབ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་བཞིན་ཡོད་པ་མ་ཟད། སྤྱི་ཕན་ནགས་ཚལ་ལ་ཁ་གསབ་བྱེད་པའི་མ་དངུལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

2004ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྒོར་མོ་ཁྲི7078གནང་བ་དང་། དེ་རྗེས་ལོ་རིམ་བཞིན་ཇེ་མང་དུ་སོང་ལ། 2009ལོར་ཅུང་བརྟན་རླིང་དུ་གྱུར་ཏེ་མ་དངུལ་སྒོར་དུང་ཕྱུར7.6ལ་སླེབས། 2013ལོར་རྒྱལ་ཁབ་ནོར་སྲིད་ཀྱིས་བསྡོམས་པས་བོད་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར46.08བཏང་སྟེ་ནགས་ཚལ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་ལ་ཁ་གསབ་བྱ་རྒྱུ་ཡིན་པ་དང་། ད་ལོར་སྤྱི་ཕན་ནགས་ཚལ་ལ་ཁ་གསབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར7.7ལྷག་བཀོད་སྒྲིག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག