མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-30 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། གཞིས་རྩེ་ས་ཁུལ་གྱི་ས་སྐྱ་རྫོང་དུ་དུས་ཆེན་ཆེ་ཁག་ཚང་མར་ས་གནས་དེའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཐག་རིང་གི་ཞིང་འབྲོག་ཁུལ་དང་། རི་གྲོང་གི་སློབ་གྲྭར་བསྐྱོད་དེ་བོད་རིགས་མང་ཚོགས་ཚོར་ལྷ་མོ་དང་། ཟློས་གར་སོགས་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།

རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཚང་མར་ལོ་ལྟར་བོད་ཀྱིས་ནོར་སྲིད་ཡོང་འབབ་ཁྲོད་ནས་རང་སྐྱོང་ལྗོངས་ཀྱིས་དངུལ་སྒོར་ཉིས་འབུམ་དང་། ས་ཁུལ་གྱིས་སྒོར་ཆིག་འབུམ། རྫོང་གིས་སྒོར་ཆིག་འབུམ་བཅས་གཏོང་དགོས་པའི་ཚད་གཞི་ལྟར་མ་དངུལ་ཐད་ནས་ཟུར་སྐྱོར་བྱེད་ཀྱི་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་རྫོང་74ཡི་ནང་རྫོང་67གྱིས་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་ཡོད་པ་དང་། ལྗོངས་ཡོངས་ཀྱི་བརྒྱ་ཆ་90ཡན་ཟིན་གྱི་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག