མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཏོང་འགོ་ཚུགས་པ་དང་བསྟུན་ནས་བོད་ལྗོངས་ཀྱི་ལོ་ཧྲིལ་པོའི་ཡུལ་སྐོར་གྱི་ཡོལ་བ་ཕྱེ་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-03-29 12:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་26ཉིན་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དངོས་སུ་འགོ་ཚུགས་པ་དང་། ཁམ་བུའི་མེ་ཏོག་དུས་ཆེན་ནས་འགོ་བརྩམས་ཏེ་བོད་ལྗོངས་ཀྱིས་ལོ་ཧྲིལ་པོའི་ཡུལ་སྐོར་གྱི་ཡོལ་བ་དངོས་སུ་ཕྱེ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རྗེས་སུ་ཡར་ཀླུང་གཙང་པོའི་ཡུལ་སྐོར་རིག་གནས་དུས་ཆེན་དང་། ཇོ་མོ་གླང་མའི་རིག་གནས་དུས་ཆེན། ཡར་ཀླུང་རིག་གནས་དུས་ཆེན། ཞང་ཞུང་རིག་གནས་དུས་ཆེན་སོགས་གལ་ཆེའི་དུས་ཆེན་རྟེན་འབྲེལ་མཛད་སྒོ་རབ་དང་རིམ་པ་སྔ་རྗེས་སུ་གཏོང་འགོ་ཚུགས་རྒྱུ་ཡིན་པ་རེད།

    བོད་ལྗོངས་ཀྱིས་ད་ལོ་ད་དུང་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་རིམ་འཕར་དཔར་མ་གཏོད་རྒྱུ་དང་ཡར་ཀླུང་རིག་གནས་དང་། ཞང་ཞུང་རིག་གནས། ཇ་རྟའི་གནའ་ལམ། བྱང་ཐང་རི་སྐྱེས་སྲོག་ཆགས་གཟིགས་སྐོར་འཁྱམ་ར་སོགས་ཡུལ་སྐོར་ལྗོངས་རྒྱུ་རྩེར་སོན་ཁག་ཅིག་གསོ་སྐྱོང་བྱེད་རྒྱུ་དང་ཆབས་ཅིག་ཏུ་ད་དུང་ནུས་ཤུགས་ཡོད་རྒུས་གསར་བརྗེའི་ཡུལ་སྐོར་དང་ཤང་གྲོང་ཡུལ་སྐོར་ལ་ཟུར་སྐྱོར་བྱས་ཏེ། བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་མཁན་ལ་སྣ་མང་དང་ཕུལ་བྱུང་གི་ཡུལ་སྐོར་བདམས་ཁ་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུད་ཀྱི་བསྡོམས་རྩིས་གྲངས་གཞི་ལ་གཞིགས་ན། ན་ནིང་བོད་ལྗོངས་ཀྱིས་རགས་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་དང་དགུ་འབུམ་ཆིག་ཁྲིར་སྣེ་ལེན་ཞུས་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་འཕར་ཚད་བརྒྱ་ཆ་༢༢ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད་པ་རེད། ད་ལོ་འབད་བརྩོན་ཆེན་པོས་ཡུལ་སྐོར་བ་མིའི་ཐེངས་གྲངས་བྱེ་བ་གཅིག་དང་ས་ཡ་ལྔ་ལ་སྣེ་ལེན་ཞུ་ཐུབ་པ་བྱ་རྒྱུ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་༢༠༠ཟིན་པ་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག