མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་གསར་བ་ཁག་ཅིག་ཤར་གཏོང་བྱ་རྩིས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-29 10:59

བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ།

བོད་ལྗོངས་མཁའ་འགྲུལ་གྱི་ཞབས་ཞུ་བའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས།

    ཟླ3པའི་ཚེས31ཉིན་ནས་བཟུང་། བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་དབྱིན་ཁྲོན་དང་པེ་ཅིང་བར་དང་། ལྷ་ས་ནས་ན་གོར་མོ། ཁྲུང་ཆིང་ནས་ཆབ་མདོ། ལྷ་ས་ནས་ཟི་ལིང་དང་ཡུལ་ཤུལ་བཅས་བར་གྱི་མཁའ་ལམ་གསར་པ་བཞི་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་ལྷ་ས་ནས་པེ་ཅིང་བར་ཕར་འགྲོ་ཚུར་འོང་བྱེད་པའི་གནམ་གྲུ་དེ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་ཐད་འཕུར་མཁའ་ལམ་ཡིན་པ་ལས་འཕྲོ་མ་རྣམས་ནི་ཁྲིན་ཏུའུ་དང་ཁྲུང་ཆིང་བརྒྱུད་བཞིན་ཡོད། གསར་དུ་ཤར་གཏོང་བྱས་པའི་ལྷ་ས་ནས་དབྱིན་ཁྲོན་དང་པེ་ཅིན་བར་གྱི་མཁའ་ལམ་དེ་ནི་ལྷ་ས་ནས་ནུབ་བྱང་ས་ཕྱོགས་བརྒྱུད་པེ་ཅིང་དུ་འཕུར་བའི་མཁའ་ལམ་དང་པོ་དེ་ཡིན་ཞིང་ཚོད་དཔག་བྱས་པ་ལྟར་ན་ཆུ་ཚོད་བཞི་ཙམ་འཕུར་དགོས་སོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག