མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གོང་དཀར་རྫོང་གིས་མ་དངུལ་སྒོར་ཁྲི1582ལྷག་བཏང་སྟེ་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-28 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྐྱིད་ནགས་གྲོང་ཚོས་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་འཛུགས་སྐྲུན་བྱས་པ་རེད། རྣམ་གྲངས་འཛུགས་སྐྲུན་གྱི་གཞི་ཁྱོན་མུའུ10000ཡིན་པ་དང་། ཚོད་རྩིས་བྱས་ན་བསྡོམས་མ་དངུལ་སྒོར་ཁྲི1582.3172སླེབས་པ་དེ་དག་དགོན་སྟོད་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ2དང་འབྲེལ་བ་ཡོད་ཅིང་། སྔོན་དཔག་བྱས་ན་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུན་ཟླ4ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་འཛུགས་སྐྲུན་ལ་ས་ཁོད་སྙོམས་པ་དང་ཞིང་ཁའི་གླིང་ཚད་ལྡན་སྒྲིག་བཀོད་བྱས་ཏེ། ཕན་ཆེའི་རྨོ་ཞིང་རྒྱ་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་། ས་རྒྱུ་ལེགས་སུ་གཏོང་བ། ས་རྒྱུའི་གཤིན་ཚད་མཐོ་རུ་གཏོང་བ། ཞིང་ཁའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་ལས་རྒྱུན་སྲིང་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད། དུས་མཚུངས་ཐོན་འབབ་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་སྟེ། “ཞིང་ཁ་གྲུ་བཞི་བཟོ་བ་དང་། ཤིང་འཛུགས་སྟར་ཕྲེང་བསྒྲིགས་པ། ལམ་ཕན་ཚུན་སྦྲེལ་བ། ཆུ་ཡུར་ཕན་ཚུན་སྦྲེལ་བ། སྐམ་ཞིང་ལ་ཆུ་འདྲེན་ཐུབ་པ། ཞོད་སྐྱོན་འབུད་ཐུབ་པ”བཅས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བརྒྱུད། ས་ཞིང་གི་ཐོན་འབབ་མཐོ་རུ་ནུས་ལྡན་གཏོང་བ་དང་། ཞིང་པའི་ཡོང་འབབ་ཚད་གཞི་མཐོ་རུ་གཏོང་བ། ཞིང་ལས་ཀྱི་གནོད་འཚེའི་གྱོང་གུན་དམའ་རུ་གཏོང་བ་བཅས་ཀྱིས། ཞིང་ལས་གཞི་ཁྱོན་ཅན་དང་། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོཌ་སུ་འཕེལ་རྒྱས་གཏོང་རྒྱུར་ཆ་རྐྱེན་བསྐྲུན་ཏེ། ཞིང་ལས་ཀྱི་ས་ཞིང་ས་ཆ་གཅིག་སྡུད་ཅན་གྱི་གཉེར་སྐྱོང་རྣམ་པར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡི་ན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག