མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་གོང་ཁེའི་སྔོ་ཚལ་ལས་དམངས་ལ་ཕན་པ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-28 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚལ་འདེབས་མཁན་ཞིང་པའི“ཚལ་འཚོང་དཀའ་བའི”གནད་དོན་ཐག་གཅོད་དང་། ཁྲེང་ཀོན་ཆུས་ཀྱི་ཡོང་འབབ་དམའ་འབྲིང་གི་གྲོང་མིའི“ཚལ་གྱི་རིན་གོང་མཐོ་བའི”སྣང་ཚུལ་ལེགས་སུ་བཏང་ནས། གྲོང་ཁུལ་རྙིང་པའི་མི་སེར་གྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་དམངས་ཕན་གཞུང་བཅད་རིན་གོང་སྔོ་ཚལ་ཐད་ཚོང་རླངས་འཁོར་སྡེ་ཁུལ་དུ་བསྐྱོད་པའི་བྱེད་སྒོ་ཁྲེང་ཀོན་ཆུས་ཚལ་གུང་ཐང་དུ་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བསོད་ནམས་ཟླ་བས“དམངས་ཕན་གཞུང་བཅད་རིན་གོང་སྔོ་ཚལ་ཐད་ཚོང་རླངས་འཁོར་སྡེ་ཁུལ་དུ་བསྐྱོད་པའི་བྱེད་སྒོར་སྔོ་ཚལ་ཐད་ཚོང་རླངས་འཁོར22བཏང་བ་དང་སྔོ་ཚལ་སྤྱི་འབོར་གྱིས་ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་སྤྱི་འབོར་གྱི22%ཙམ་ཟིན་གྱི་ཡོད་པ་དང་། གཙོ་བོ་གྲོང་ཁུལ་རྙིང་པ་དང་ཁང་གླ་ཁེ་བའི་སྡོད་ཁང་གི་སྡེ་ཁུལ་སོགས་ཡོང་འབབ་དམའ་འབྲིང་མི་སེར་གྱི་དགོས་མཁོ་སྐོང་གི་ཡོད། སྔོ་ཚལ་གྱི་རིན་གོང་དེ་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་ཟོག་ཁྲོམ་ར་དང་བསྡུར་ན10%ནས30%བར་དམའ་བ་ཡོད། རིན་གོང་དམའ་བ་དང་གཞུང་བཅད་རིན་གོང་བརྒྱུད་ཁྲོམ་རའི་རིན་གོང་ལ་སྐུལ་ཁྲིད་བྱས་ཏེ། གཞི་ཁྱོན་ཆེ་བའི་ཕན་འབྲས་ཐོན་ནས་སྔོ་ཚལ་གྱི་རིན་གོང་དམའ་རུ་དང་བརྟན་དུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱས་པར་གཞིགས་ན། ཚལ་འདེབས་མཁན་ཞིང་པའི“ཚལ་འཚོང་དཀའ་བ”དང་གྲོང་མིའི“ཚལ་རིན་མཐོ་བའི”སྣང་ཚུལ་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཆུས་ཨུད་དང་ཆུས་སྲིད་གཞུང་གིས“ཤ་ཚལ་སྒོང་གསུམ”འདུ་འགོད་ལ་གཞིགས་ནས་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་སྒོར་དུང་ཕྱུར3.1གྲབས་གསོག་བྱས་ཏེ་རྣམ་གྲངས13ལག་བསྟར་བྱས་པ་དང་། “ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་དམངས་ཕན་གཞུང་བཅད་རིན་གོང་སྔོ་ཚལ་ཐད་ཚོང་རླངས་འཁོར་སྡེ་ཁུལ་དུ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཞིང་ཕྱུགས་ཐོན་ཟོག་གི་རིན་གོང་བརྟན་པོ་དང་འཚམ་པོ་ཡོང་བ་བྱས་ཡོད། ཞིང་ཕྱུགས་ཐོན་ཟོག་བཙོངས་ཟིན་རྗེས་ལམ་སེང་ཁ་གསབ་བྱེད་ཆོག་པ་དང་སོས་ཉར་མཛོད་ནང་ཐེངས་གཅིག་ལ་ཏུན5000ཙམ་གསོག་འཇོག་ཐུབ་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག