མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྙེ་མོ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་ནས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-28 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཤར་བ་ནས་བཟུང་སྙེ་མོ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་ནས་རྫོང་ཡོངས་ཀྱི་ཤང་བདུན་དང་གྲོང་རྡལ་གཅིག་ཏུ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི“གཤམ་སྤེལ་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་རིང་སྙེ་མོ་རྫོང་གིས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་དང་སྡེ་ཚན་ཁག་ཁེར་རྐྱང་གཤམ་སྐྱོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཤང་(གྲོང་རྡལ)དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག དགོན་སྡེ་བཅས་སུ་བསྐྱོད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་ཡོད། མིག་སྔའི་བར་རྫོང་ཡོངས་སུ་རིག་རྩལ་འཁྲབ་སྟོན་ཐེངས26བྱས་པར་མ་དངུལ་སྒོར་ཁྲི1.78བཏང་བ་དང་མང་ཚོགས9800ལྷག་ལ་ཕན་པ་ཐོབ་པ་དང་། ཚན་རྩལ་གཤམ་སྐྱོད་ཐེངས4བྱས་པར་མ་དངུལ་སྒོར་ཁྲི1.15བཏང་བས་མང་ཚོགས800ལྷག་ལ་ཕན་པ་ཐོབ་པ། འཕྲོད་བསྟེན་གཤམ་སྤེལ་བྱས་ནས་སྐོར་སྐྱོད་སྨན་བཅོས་ཐེངས8དང་རིན་གོང་སྒོར་ཁྲི2.8རི་བའི་སྨན་རྫས་སྤྲད་པ་མ་ཟད། ནད་པ5000ལྷག་ལ་སྨན་བཅོས་བྱས་པ། ཁྲིམས་ལུགས་གཤམ་སྤེལ་ཐེངས31བྱས་པར་མ་དངུལ་སྒོར་ཁྲི7.8བཏང་བས་མང་ཚོགས་ཁྲི1.4ལྷག་ལ་ཕན་པ་ཐོབ་པ། རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གཤམ་སྤེལ་ཐེངས31བྱས་པར་མ་དངུལ་སྒོར་ཁྲི1.96བཏང་བས་གྲྭ་བཙུན747ལ་ཕན་པ་ཐོབ་པ། དམངས་ཕན་ཞིང་ཕན་སྲིད་ཇུས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། འཕྲོད་བསྟེན། རིག་གནས། ཚན་རྩལ་སོགས་འབྲེལ་ཡོད་དྲིལ་བསྒྲགས་ཡིག་ཆ་ཁྲི1.5ལྷག་བཀྲམ་པ་དང་རིགས་མི་འདྲ་བའི་འགྲེམས་པང16བཟོས་པ། བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ཐེངས110ལྷག་ཙམ་དང་རྒྱལ་གཅེས་རིང་ལུགས་ཀྱི་ཀྱི་གློག་བརྙན་ཐེངས115ལྷག་བསྟན་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག