མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས“ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་རྗེས་དྲན་ཉིན་མོར”བསུ་བ་བྱས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-28 10:20

ཟླ3པའི་ཚེས26ཉིན། བྱིས་པ་རྣམས་གླུ་གར་ལ་རོལ་ནས“ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་རྗེས་དྲན་ཉིན་མོར”བསུ་བ་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། བོད་ལྗོངས་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་དགོན་སྟོད་ཤང་ལྟེ་གནས་སློབ་ཆུང་གི་སློབ་མ328དང་ལོ64སོན་པའི་ཨ་མ་སྒྲོལ་མ་ལྷ་མོས་མཉམ་དུ་གླུ་གར་འཁྲབ་སྟོན་དང་གསོལ་སྟོན་ལ་རོལ་ནས། ཟླ3པའི་ཚེས28ཉིན་གྱི“ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་རྗེས་དྲན་ཉིན་མོར”བསུ་བ་བྱས། ལོ64ལ་སོན་པའི་སྒྲོལ་མ་ལྷ་མོ་ནི་ཆུང་དུས་སུ་ཞིང་བྲན་ཁྲི་ཚོ་མང་པོ་དེ་དག་དང་འདྲ་བར་གོས་ཀྱིས་རྒྱབ་མི་ཁེབས་པ་དང་ཟས་ཀྱིས་ཕོ་བ་མི་འགྲང་བའི་འཚོ་བ་རོལ་མྱོང་། མོས་བྱིས་པ་ཚོར་རང་གི་ཞིང་བྲན་གྱི་ཡ་ང་བའི་གཏམ་རྒྱུད་བརྗོད་པ་དང་། བྱིས་པ་ཚོར་དེ་རིང་གི་དགའ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་། དྲིན་ལན་འཇལ་ཤེས་པའི་མི་ཞིག་ཏུ་འགྱུར་བར་རེ་བ་བཅིངས། 2009ལོའི་ཟླ1པོའི་ཚེས19ཉིན། བོད་རང་སྐྱོང་ལྗོངས་སྐབས་དགུ་བའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ལོ་རེའི་ཟླ3པའི་ཚེས28ཉིན་དེ“ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་རྗེས་དྲན་ཉིན་མོར”གཏན་འཁེལ་བྱས། ། 

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག