མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་སྐབས་བཅུ་གཉིས་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་བརྩམས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-28 10:15

(社会)(2)西藏林芝举办第十二届桃花文化旅游招商节

འདི་ནི་ཟླ3པའི་ཚེས26ཉིན་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་གནས་སྐོར་བས་ཁམ་བུ་མེ་ཏོག་ལ་གཟིགས་བཞིན་པའི་ཚུལ་རེད།

(社会)(3)西藏林芝举办第十二届桃花文化旅游招商节

འདི་ནི་ཟླ3པའི་ཚེས26ཉིན་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་གནས་སྐོར་བས་ཁམ་བུ་མེ་ཏོག་ལ་གཟིགས་བཞིན་པའི་ཚུལ་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད10ཡི་སྟེང་། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི9000ལྷག་གི་བདེན་དཔང་འོག བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་སྐབས་བཅུ་གཉིས་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཉིང་ཁྲི་རྫོང་གི་ཀ་ལ་གྲོང་ཚོ་ནས་གཟབ་རྒྱས་ངང་སྤེལ་འགོ་བརྩམས།

ཉིང་ཁྲི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་རྒྱུན་ལས་ཀྱི་རྫོང་དཔོན་གཞོན་པའམ། ཉིང་ཁྲི་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་ཚེ་དབང་དཔལ་ལྡན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་ལས་རིག་གནས་གནས་སྐོར་ཐོན་ཁུངས་ཧྲག་བསྡུ་བྱེད་པར་ཤུགས་བསྣན་ཏེ། རིག་གནས་གནས་སྐོར་དང་ཚོང་འགུག་དངུལ་འདྲེན་གཉིས་ཟུང་དུ་འབྲེལ་ནས། དུས་ཆེན་བརྒྱུད་དེ་ཕན་ཚུན་བར་གྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་ལས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་། ཞིང་བའི་ཡོང་སྒོ་འཕར་སྣོན་བྱེད་པ། སྐྱེ་ཁམས་གནས་སྐོར་བཅས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་ལམ་བུ་གསར་བ་གཏོད་པ་དང་། རིག་གནས་གནས་སྐོར་ཐོན་ལས་གསར་སྤེལ་ཁྲོད་ཐོལ་བརྒལ་གསར་བ་བྱུང་། དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྟེང་། ཉིང་ཁྲི་རྫོང་སྲིད་གཞུང་དང་ཁེ་ལས7བར་མ་དངུལ་སྒོར་དུང་ཕྱུར26.79ལྷག་གི་གན་རྒྱ་བཞག་པ་ཡོད་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག