མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱིས་དཔྱིད་འདེབས་གྲ་སྒྲིག་བྱེད་པའི་བྱ་བ་མཇུག་རྫོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-28 10:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། གཞིས་རྩེ་ས་ཁུལ་དེ་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ས་ཁུལ་ཆེན་མོ་ཡིན་པའི་ཆ་ནས། དཔྱིད་དུས་ཀྱི་ཐོན་སྐྱེད་བྱ་བ་ལེགས་པོར་སྒྲུབ་ཆེད། ས་ཁུལ་ཡོངས་ཀྱིས་འབྲུ་རིགས་འདེབས་པའི་ཐབས་ལམ་བཅོས་བསྒྱུར་བྱེད་པ་དང་། ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། ཞིང་ལས་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བ་བཅས་དམིགས་འབེན་དུ་བཞག་ཏེ། དཔྱིད་འདེབས་ཀྱི་གྲ་སྒྲིག་བྱ་བ་གཙོར་བཟུང་བས། དཔྱིད་འདེབས་ལ་གྲ་སྒྲིག་བྱེད་པའི་བྱ་བ་ཡོངས་སུ་མཇུག་རྫོགས་པ་རེད།

གཞིས་རྩེ་ས་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཏིང་ཧྥུན་གྱིས་བཤད་རྒྱུར། ད་ལོར་གཞིས་རྩེ་ས་ཁུལ་གྱིས་སྤྱི་ཟླ3པའི་ཟླ་སྨད་ནས་བཟུང་དཔྱིད་འདེབས་བྱེད་འགོ་བརྩམས་ཤིང་། ཟླ5བའི་ཟླ་སྨད་དུ་དཔྱིད་འདེབས་བྱ་བ་ཡོངས་སུ་མཇུག་རྫོགས་རྒྱུ་རེད། ས་ཁུལ་ཡོངས་ཀྱི་དཔྱིད་འདེབས་གཞི་ཁྱོན་མུའུ་ཁྲི129.21ཟིན་ཡོད་དེ། དེའི་ཁྲོད་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི82ཟིན་པ་དང་། དཔལ་འབྱོར་སྐྱེ་དངོས་རིགས་མུའུ་ཁྲི33.99ཟིན། གཟན་རྩྭའི་སྐྱེ་དངོས་རིགས་མུའུ་ཁྲི13.22ཟིན་ཡོད་པ་རེད།

རྒྱུས་ལོན་ལྟར་ན། གཞིས་རྩེ་ས་ཁུལ་གྱི་རྫོང་དང་སྡེ་ཁག་སོ་སོས་དཔྱིད་འདེབས་བྱ་བར་མཐོང་ཆེན་གནང་སྟེ། ས་བོན་དང་། རྫས་ལུད། ཞབས་ཞུ། དྲིལ་བསྒྲགས་བཅས་བཞི་བོ་དོན་དངོས་སུ་འབྱོར་བར་འབད་བརྩོན་བྱེད་པ་དང་ཆབས་ཅིག དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་སྟེ། ཞིང་བ་མང་ཚོགས་ཀྱིས་འབྲུ་རིགས་འདེབས་པའི་སེམས་ཤུགས་བསྐྱེད་པ་དང་། གཞིས་རྩེ་ས་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་ཡིན་པ། རོང་འབྲོག་པའི་ཡོངས་འབབ་འཕར་སྣོན་བྱུང་བར་ཁག་ཐེག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག