མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་གསར་པ་བླངས་པ།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ང་ལྔ་འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གླེང་དང་པོ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 16:50

    རྒྱལ་ཁབ་ཀྱི་བདག་པོར་གྱུར་པ།

    1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་དེ་བཞིན་བཅའ་ཁྲིམས་ཀྱི་ལམ་ལུགས་དཔྱིས་ཕྱིན་པ་མེད་པ་བཟོས་ཡོད།སྔོན་ཆད་བཅའ་ཁྲིམས་ཐོག་གནས་བབ་གང་ཡང་མེད་པའི་ཞིང་བྲན་ལ་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་ས་ཁུལ་དེ་རང་གི་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ནང་འདྲ་མཉམ་ཐོག་ཞུགས་པའི་ཆབ་སྲིད་ཀྱི་དབང་ཆ་བྱུང་ཡོད།

    ཉིང་ཁྲི་རྫོང་སྦེ་པ་གྲོང་རྡལ་འུག་པ་གྲོང་ཚོའི་ཡུལ་མི་བསོད་ནམས་འདི་ལོ་ལོ་75སླེབས་པ་དང་ཆུང་དུས་ཞིང་བྲན་བདག་པོའི་ཁྱིམ་གྱི་ཕྱུགས་རྫི་བ་ཡིན་པ་དང་བོད་དུ་ཞི་བའི་བཅིངས་འགྲོལ་བཏང་རྗེས་ས་གནས་ཀྱི་དམག་མིས་གསར་སྦོལ་བྱེད་པའི་ཞིང་རར་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པར་འོས་སྦྱོར་བྱས་པ་མ་ཟད་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་གྱུར་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དེ་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་འཐུས་མིའི་ཁྲོད་འདེམས་ཤོག་འཕངས་ནས་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་དུས་མཚམས་དེ་དངོས་སུ་མཐོང་བ་མ་ཟད་ཞིང་བྲན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བར་གྱི་མི་ཚེའི་འགྱུར་ལྡོག་བྱུང་བ་རེད།

    བསོད་ནམས་ཀྱིས་གསར་འགོད་པར་གུང་ཁྲན་ཏང་ཕེབས་རྗེས་བོད་མི་དམངས་གཞི་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་པའི་མྱོང་ཚོར་དངོས་འབྲེལ་བྱུང་ཞེས་བཤད་པ་རེད།

    1961ལོར་བོད་ཀྱི་ས་གནས་ཁག་ཏུ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཡོངས་ཁྱབ་འདེམས་བསྐོ་ལག་ལེན་བསྟར་འགོ་ཚུགས་པ་དང་ཡར་ལངས་ཞིང་བྲན་ལ་རང་ཐག་རང་གཅོད་ཀྱི་དམངས་གཙོའི་དབང་ཆ་ཐེངས་དང་པོར་སྤྱོད་རྒྱུ་བྱུང་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ལག་ལེན་ཧུར་ཐག་བསྟར་བ་དང་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོར་ཞུགས་པ་མ་ཟད་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་ནང་ཞུགས་པ་དང་དེར་དོ་དམ་ཡང་བྱེད་འགོ་ཚུགས་པ་རེད།

    བསྡོམས་རྩིས་ལ་གཞིགས་ན།བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་དུས་རབས་ཕྱེད་ཙམ་སོང་ཚུན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་290ལྷག་ཙམ་སྔ་རྗེས་སུ་བཟོས་པ་མ་ཟད་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་མང་པོའི་ནང་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་ལག་བསྟར་བྱ་ཐབས་བཟོས་ཡོད་པ་དང་དེ་དག་ཆབ་སྲིད་དང་།དཔལ་འབྱོར།རིག་གནས།སློབ་གསོ།སྐད་ཡིགཁྲིམས་འཛིན།རིག་དངོས་སྲུང་སྐྱོང་།རང་བྱུང་ཐོན་ཁུངས་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ནང་དོན་དང་འབྲེལ་བ་ཡོད་པ་རེད།

    2012ལོར་རང་སྐྱོང་ལྗོངས་དང་།ས་གནས(གྲོང་ཁྱེར) རྫོང་།ཤང(གྲོང་རྡལ)བཅས་རིམ་བཞིའི་སྐབས་བརྗེའི་འདེམས་བསྐོ་བྱེད་རིང་འདེམས་བསྐོའི་ནང་ཞུགས་ཚད་94%ཡན་ཟིན་ཡོད།ཐད་ཀར་དང་གཞན་བརྒྱུད་བྱས་ནས་བདམས་ཐོན་བྱུང་བའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34244ཡོད་པའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་31901ཟིན་པ་དེས་93%ཡན་བཟུང་ཡོད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་20ཡོད་པ་དང་དེའི་ནང་བོད་རིགས་སྤྱི་དམངས་12ཡོད་པ་མ་ཟད་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་སྤྱི་དམངས་རེའང་ཡོད།རང་སྐྱོང་ལྗོངས་དབུ་བརྙེས་ཚུན་སྐབས་རིམ་བྱུང་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་དེ་བོད་རིགས་སྤྱི་དམངས་ཀྱིས་འགན་བཞེས་ཀྱི་ཡོད།ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་82.05%བཟུང་བ་དང་དེའི་ནང་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་80.6%བཟུང་ཡོད།2012ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་ཆེད་ལས་ལག་རྩལ་པ་ཁྲི་6.23ཟིན་པ་དང་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་པ་ཁྲི་4.89ཟིན་ནས་78.49%བཟུང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག