མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་གསར་པ་བླངས་པ།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ང་ལྔ་འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གླེང་དང་པོ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 16:50

    རང་ལུས་རང་དབང་ཐོབ་པ།

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་བོད་ཀྱི་མི་འབོར་95%ཡན་གྱི་མི་ནི་ཞིང་བྲན་ཡིན་པ་དང་ཁོང་ཚོས་མི་རབས་ནས་མི་རབས་བར་ཕ་མེས་ཀྱི་གནས་བབ་རྒྱུན་འཛིན་བྱེད་ཀྱི་ཡོད་པས་རང་གི་གནས་བབ་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་རྩ་བ་ནས་མེད།

    འདི་ལོའི་ཟླ་གཉིས་པར་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་པོ་འཚོགས་པ་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་1000ལྷག་ཙམ་གྱིས་འདི་ལོ་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སོགས་རང་སྐྱོང་ལྗོངས་ཀྱི་དོན་ཚན་གལ་ཆེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་མ་ཟད་འབྲེལ་ཡོད་བསམ་འཆར་དང་གྲོས་གཞིའང་བཏོན་པ་དང་ཁོང་ཚོའི་ཁྲོད་བོད་རིགས་མང་བ་ཡོད་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགོ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད།

    བོད་ལྗོངས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཚེ་བརྟན་བཀྲ་ཤིས་ཀྱིས“བོད་ཀྱི་སྤྱི་ཚོགས་ནང་གི་འཇོན་ཐང་ཅན་མང་ཆེ་བ་ནི་ཞིང་བྲན་གྱི་རྗེས་རབས་ཡིན།ཞིང་བྲན་གྱི་རྗེས་རབས་ཚོ་བོད་ཀྱི་སྤྱི་ཚོགས་ཀྱི་འགོ་ཁྲིད་དུ་གྱུར་ཡོད།2013ལོའི་ཟླ་བཅུ་པ་བར་རང་སྐྱོང་ལྗོངས་སྲིད་གཞུང་གི་སྡེ་ཚན་26ནང་གི་25ཡི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཡང་ན་ཅུས་ཀྲང་ཚང་མ་བོད་རིགས་ཀྱིས་འགན་འཁུར་གྱི་ཡོད་པ་དང་ཁོང་ཚོ་མང་ཆེ་བ་ནི་ཞིང་བྲན་གྱི་རྗེས་རབས་ཡིན”ཞེས་བཤད།

    རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཆོས་ཉིད་ཡར་འཕེལ་གྱིས“ང་ནི་ཞིང་བྲན་གྱི་རྗེས་རབས་ཤིག་ཡིན།མེས་པོ་ཚོས་ཁོང་ཚོའི་རྗེས་རབས་རྣམས་ཞིང་བྲན་མིན་པ་མ་ཟད་ཐིང་རིམ་པའི་སྲིད་གཞུང་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོ་ཞིག་ཏུ་གྱུར་པ་ནི་རྨི་ལམ་ནང་དུའང་རྨིས་མྱོང་མེད”ཅེས་བཤད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གི་འགན་འཁུར་ནས་ལོ་14སོང་བའི་དགྲ་འདུལ་ནི་1946ལོར་རིན་སྤུངས་རྫོང་གི་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་ཞིག་ཡིན།དགྲ་འདུལ་གྱིས“ངའི་སྤོ་བོ་ལགས་དང་པཱ་ལགས་གཉིས་ཀ་ཡུལ་དེར་སྐད་གྲགས་ཡོད་པའི་ཨེམ་རྗེ་ཡིན་པ་དང་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་མང་པོའི་ནད་ཀྱི་སྡུག་བསྔལ་སེལ་ཡོད་མོད།འོན་ཀྱང་ཞིང་བྲན་གྱི་གནས་བབ་ནི་གྲིབ་མ་བཞིན་གཟུགས་དང་བྲལ་མེད་དུ་གནས།གལ་ཏེ་སྤྱི་ཚོགས་རྙིང་པར་ཡིན་ཚེ་ངའི་ལས་དབང་ཡང་ཁོང་གཉིས་དང་གཅིག་པ་ཡིན་པ་ལས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་དབང་གྲགས་ལྡན་པའི་རིམ་གསུམ་ཀ་པའི་སྨན་རྩིས་ཁང་ལ་དོ་དམ་བྱེད་རྒྱུ་ཕར་བཞག་རེད”ཅེས་བརྗོད།

    ཚེ་བརྟན་བཀྲ་ཤིས་ཀྱིས“ཁྲིམས་ལུགས་ཀྱི་སྲུང་སྐྱོང་དང་ལམ་ལུགས་ཀྱི་འགན་སྲུང་ཡོད་པའི་ཞིང་བྲན་གྱི་རྗེས་རབས་པ་རྣམས་ཁོང་ཚོའི་མེས་པོ་ཚོས་སྔོན་མ་འབད་བརྩོན་ཇི་ཙམ་བྱས་ཀྱང་ལས་དབང་ལ་འགྱུར་ལྡོག་གཏོང་ཐབས་མེད་པའི་ས་གཞི་འདིའི་སྟེང་ད་ཆ་ཕུལ་བྱུང་གི་འགོ་ཁྲིད་ལས་བྱེད་དང་།ཁེ་ལས་པ།དགེ་རྒན།སྨན་པ་སོགས་ཏུ་གྱུར་ཡོད”ཅེས་བརྗོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག