མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེན་ཆོན་གོ་དང་བློ་བཟང་རྒྱལ་མཚན་གྱིས་ཀོང་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:28

ཟླ3པའི་ཚེས25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་གྱིས་ཚོགས་གཙོ་གནང་བའི་ཀོང་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཅི་བློ་བཟང་རྒྱལ་མཚན་གྱིས་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་གྱིས་ཚོགས་གཙོ་གནང་བའི་ཀོང་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མི་དམངས་ཁྲི300ཡི་ཚབ་ཞུས་ནས་ཀྲུའུ་ཞའོ་ཏན་དང་བཅས་པ་བོད་དུ་རྟོག་ཞིབ་དང་རོགས་སྐྱོར་གནང་བར་ཕེབས་པར་དགའ་བསུ་དང་། ཀོང་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུའུ་ཞའོ་ཏན་ལ་ཧྲུའུ་ཅི་ཧུའུ་ཁྲུན་ཧྭར་འཚམས་འདྲི་དང་སྨོན་འདུན་ཞུ་ལུགས་བརྒྱུད་སྤྲོད་གནང་རོགས་ཞུས་པ་རེད། ཁྲེན་ཆོན་གོས་ད་ལོ་ནི་ཁ་གཏད་བོད་སྐྱོར་བྱས་ནས་ལོ20འཁོར་བའི་ལོ་ཞིག་རེད། ལོ20ཡི་རིང་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ཏེ་མ་དངུལ་འབོར་ཆེན་བཏང་བ་དང་རྣམ་གྲངས་འབོར་ཆེན་ལག་ལེན་བསྟར་བ་དང་དུས་མཚུངས་ད་དུང་ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་པ་མངགས་གཏོང་བྱས་པ་དང་ཉམས་མྱོང་བཟང་པོ་དང་། འདུ་ཤེས་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་ཀྱང་ཁྱབ་པ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ལ་བདེ་བ་བསྐྲུན་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་རེད།

ཀྲུའུ་ཞའོ་ཏན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་བོད་འདི་ཉིད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་་ཡོད། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག