མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མགོན་པོ་བཀྲ་ཤིས་ངོར་དགོན་དུ་ཕེབས་ཏེ་དགོན་སྡེའི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གཞིས་རྩེ་ས་ཁུལ་དུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ་གཞིས་རྩེའི་ངོར་ཨེ་ལྦམ་ཆོས་ལྡན་དགོན་གྱི་དགོན་སྡེའི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་འབྲེལ་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་གྲྭ་དམངས་ལ་འཚམས་འདྲི་ཡང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ལྷན་དུ་ཕེབས་ཡོད་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་དགོན་སྡེར་བཅའ་སྡོད་ལས་བྱེད་པས་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་དགོས་པ་དང་ཆབས་ཅིག དགོན་སྡེར་བཅའ་སྡོད་ལས་བྱེད་པས་དགེ་འདུན་པའི་ཕྱོགས་ནས་ཡིག་གཟུགས་དང་། རི་མོ། མཚན་ཉིད་རིག་པ་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་བྱེད་དགོས་ལ། རང་ཉིད་ཀྱི་སྤྱི་ཚོགས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་དགེ་འདུན་པར་རྒྱ་ཡིག་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཤེས་བྱ་སློབ་ཁྲིད་བྱས་ཏེ་དགེ་འདུན་པའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་བཏང་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་དབར་ཕན་ཚུན་རོགས་རེས་དང་ཐུན་མོང་ཡར་རྒྱས་ཡོང་བ་བྱེད་དགོས། ངོར་དགོན་དེ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་ངོར་ཨེ་ལྦམ་ཆོས་ལྡན་དགོན་གྱི་ལོ་རྒྱུས་རིག་གནས་དང་རིག་དངོས་རྩ་ཆེན་སོགས་ཀྱི་ནང་དོན་དམིགས་སུ་ངོ་སྤྲོད་བྱས་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་དེ་གར་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་འཕྲོག་པར་བྱས་ཏེ་དགོན་པའི་ཡོང་འབབ་མང་དུ་གཏོང་བ་དང་ཆབས་ཅིག རིམ་བཞིན་དགོན་པས་དགོན་པ་གསོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག