མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཀྲུའུ་ཞིའི་ཚོགས་འདུ་ཐེངས13པ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་པའི་གྲོས་གཞི་ཨུ་ལྷན་དང་། མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན། སྤྱི་ཚོགས་ཁྲིམས་ལུགས་ཀྱི་ཕྱི་དོན་ཨུ་ལྷན། རིག་གནས་ལོ་རྒྱུས་དཔྱད་ཡིག་སློབ་སྦྱོང་ཨུ་ལྷན་བཅས་ཀྱི2014ལོའི་ལས་དོན་འཆར་གཞི་གསན་ཁར་གྲོས་ཞིབ་གནང་བ་རེད།

ཚོགས་འདུའི་ཐོག་སྲིད་གྲོས་ཆེད་དོན་ཨུ་ལྷན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་དམིགས་ཚད་ལས་འགན་ལ་དམིགས་ཏེ་ལས་ཀའི་གཙོ་གནད་མངོན་གསལ་དོད་པ་དང་། ལས་འགན་ཞིབ་ཕྲ་ཡོད་པ། འགན་འཁྲི་ཁ་གསལ་བ་དེ་སྲིད་གྲོས་ཀྱི་དོན་དངོས་དང་མཐུན་ནས་ལག་ལེན་བསྟར་རིན་ལྡན་ཡོད་པས2014ལོའི་ཆེད་དོན་ཨུ་ལྷན་ཁག་གི་ལས་དོན་འཆར་གཞིར་རྩ་དོན་ཐོག་ནས་མོས་མཐུན་བྱ་རྒྱུའི་ངོས་འཛིན་གནང་བ་རེད།

ཚོགས་འདུའི་ཐོག2014ལོར་ཆེད་དོན་ཨུ་ལྷན་ཁག་གིས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ཨུད་དང་ཀྲུའུ་ཞི་ཚོགས་འདུའི་འགོ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་རབ་དང་རིམ་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། རྒྱལ་ཡོངས་དང་རང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཉམས་མྱོང་ཕྱོགས་སྡོམ་ཏན་ཏིག་དང་ལས་དོན་གསར་གཏོད་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་གཏོང་དང་ཞབས་ཞུའི་ལས་ཕྱོད་མཐོ་རུ་བཏང་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་ལས་དོན་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་འབྲས་དང་ཟུང་འབྲེལ་བྱེད་པ། སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་ཁག་དང་འབྲེལ་ཡོད་སྡེ་ཚན་དབར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་སྲིད་གྲོས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ལས་ཀའི་བསམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྲིད་གྲོས་ལས་དོན་སྒྲུབ་རིང་ཆེད་དོན་ཨུ་ལྷན་ཁག་གིས་ནུས་པ་ཡག་པོ་འདོན་དགོས་པའི་ནན་བཤད་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག