མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཤིན་བོད་གཞུང་ལམ་གྱི་ཤིན་བོད་ས་མཚམས་ནས་རུ་ཐོག་བར་གྱི་གཞུང་ལམ་དུམ་བུ་བསྐྱར་སྐྲུན་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་རྒྱལ་ལམ219ལམ་ཐིག་གི་ཤིན་བོད་གཞུང་ལམ་གྱི་ཤིན་ཅང་དང་བོད་ཀྱི་ས་མཚམས་ནས་རུ་ཐོག་བར་གྱི་གཞུང་ལམ་དུམ་བུ་བསྐྱར་སྐྲུན་བྱ་རྒྱུའི་རྣམ་གྲངས་སྒོ་ཀུན་ནས་ལེགས་གྲུབ་ཟིན་པ་དེ་ཐོག་ནས་རྒྱལ་ལམ219ལམ་ཐིག་གི་ཤིན་བོད་གཞུང་ལམ་གྱི་བོད་ཀྱི་དུམ་བུ་སྣུམ་ནག་ཅན་དུ་སྒྱུར་བཀོད་བྱ་རྒྱུ་སྒོ་ཀུན་ནས་ལེགས་གྲུབ་བྱུང་བ་མཚོན་ཞིང་། རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བརྟན་གཏོང་བཅས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།

དུས་ཡུན་ལོ་གསུམ་འགོར་བའི་རྣམ་གྲངས་དེ2011ལོའི་ཟླ་བ8པར་ལས་འགོ་ཚུགས་པ་དང2013ལོའི་ཟླ་བ11པར་རྩིས་སྤྲོད་བྱས་ནས་རྒྱལ་ལམ219ཡི་ལམ་ཐིག་གི་བོད་ཀྱི་དུམ་བུ་སྣུམ་ནག་ཅན་དུ་བསྒྱུར་རྒྱུ་མངོན་འགྱུར་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག