མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འབྲོག་པའི་ཡོངས་འབབ་འཕར་སྣོན་བྱུང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:23

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འབྲོག་ཁུལ་ཆེ་ཤོས་ཡིན་པའི་ནག་ཆུ་ས་ཁུལ་གྱིས་སྲོལ་རྒྱུན་འབྲོག་ལས་དེ་དེང་རབས་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་གལ་འགངས་ཆེ་བའི་ཐོན་སྐྱེད་རྒྱུ་རྐྱེན་རྩྭ་ཐང་ལ་སྲིད་གཞུང་དང་མང་ཚོགས་ཀྱིས་སྔར་བས་མཐོང་ཆེན་བྱས་ཤིང་། ཉེ་བའི་ལོ་ཤས་ནང་ནག་ཆུ་ས་ཁུལ་གྱིས་རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྔོ་ལྗང་སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་རྩྭ་ཐང་འབྲོག་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་འབྲོག་པའི་འབབ་འཕར་ལ་སྐུལ་མ་ཐེབས་ཡོད།

སྣོད་བཅུད་ནི་གལ་ཆེའི་འཕེལ་རྒྱས་ཀྱི་མ་གནས་ཤིག་ཡིན་ལ་ཆེས་མངོན་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཤིག་ཀྱང་ཡིན། ནག་ཆུ་ས་ཁུལ་གྱི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར6.32ཟིན་པ་དེའི་ཁྲོད་སྤྱོད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར4.69ཟིན་ཡོད་ཅིང་། རང་བྱུང་ཆ་རྐྱེན་དང་། མི་འབོར་མགྱོགས་མྱུར་འཕར་བ། སྲོལ་རྒྱུན་འབྲོག་ལས་རགས་ལས་རྣམ་པའི་གཉེར་སྐྱོང་སོགས་རྒྱུ་རྐྱེན་གྱི་ཐུན་མོང་ཤུགས་རྐྱེན་ཕོག་པའི་དབང་གིས་རྩྭ་རའི་ཐོག་ཕྱུགས་འཚོ་མང་བ་དང་རྩྭ་ཐང་གི་རྩྭ་ཁ་ཉམས་པའི་སྣང་ཚུལ་ཚབས་ཆེ་བས་མི་དང་། རྩྭ་ཐང་། ཕྱུགས་རིགས་བཅས་ཀྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་ནང་ས་ཁུལ་དེས་དཔལ་འབྱོར་སྣོད་བཅུད་ཅན་དང་སྣོད་བཅུད་ཡུན་རིང་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་རིམ་གྱིས་བསྐྱོད་ཡོད་པ་རེད།

དང་ཐོག་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་བཏང་ཞིང་། ཐོན་ལས་ཅན་བསྐྲུན་རྒྱུ་དེ་འབྲོག་ལས་འཕེལ་རྒྱས་ཀྱི་གཞི་རྩའི་ཁ་ཕྱོགས་དང་གསར་བརྗེའི་རང་བཞིན་གྱི་སྒྱུར་བཅོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། མིག་སྔར་ནག་ཆུ་ས་ཁུལ་གྱི་འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་བཟོ་ཚོང་སྡེ་ཚན་དུ་དེབ་སྐྱེལ་ཐོ་འགོད་བྱེད་མཁན262ཟིན་པ་དང་མ་དངུལ་འཇོག་འབོར་སྒོར་དུང་ཕྱུར1.24དང་འབྲོག་ལས་རྩ་འཛུགས་ཅན་གྱི་འཕེལ་རིམ་དང་འབྲོག་ཟོག་ཚོང་ཟོག་ལ་འགྱུར་ཚད་ལོ་རེ་བཞིན་མང་དུ་ཕྱིན་ནས་སྲོལ་རྒྱུན་འབྲོག་ལས་དེ་དེང་རབས་འབྲོག་ལས་སུ་བསྒྱུར་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

གཞན་ཡང་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་བཙུགས་ཤིང་། 2011ལོར་རང་སྐྱོང་ལྗོངས་ཀྱིས་བྱ་དགའི་ཁ་གསབ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་བཏང་ནས་ནག་ཆུ་ས་ཁུལ་གྱི་རྫོང11ཏུ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་བཙུགས་པས་རྩྭ་ཐང་གི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་མགྱོགས་སུ་ཕྱིན་པ་མ་ཟད་འབྲོག་པའི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་རྩྭ་ཐང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི“གྲུབ་འབྲས་གཉིས”མངོན་འགྱུར་བྱས་ཡོད།

དེ་མིན་སྣོད་བཅུད་འཛུགས་སྐྱོང་དང་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་རྩྭ་ཐང་གི་སྣོད་བཅུད་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ནག་ཆུ་ས་ཁུལ་གྱིས་གཙོ་གནད་ཚད་བརྒལ་དང་ཁྱོན་ཡོངས་བཅོས་སྒྲིག་ཟུང་འབྲེལ་བྱེད་པ་དང་འདུ་འགོད་ཀྱི་བྱེད་ཐབས་དང་རང་བྱུང་སླར་གསོ་ཟུང་འབྲེལ་བྱས་ནས་གཙོ་གནད་སྣོད་བཅུད་སྲུང་སྐྱོང་འདུ་འགོད་ཀྱིས་འདེགས་སྐྱོར་བྱེད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུས་དམ་འཛིན་བྱེད་གཞིར་བྱས་ཏེ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག