མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆུ་གསུམ་རྫོང་གིས་ནུས་ཆོད་ཆེ་བའི་དམངས་སྲིད་དང་ཀུན་གསལ་དམངས་སྲིད་བཏོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ཆུ་གསུམ་རྫོང་དམངས་སྲིད་ཅུས་ཀྱིས“མི་རྩ་བར་འཛིན་པ་དང་། དམངས་ཆེད་དཀའ་ངལ་སེལ་བ། དམངས་ཆེད་ཞབས་འདེགས་ཞུ་བ”བཅས་ཀྱི་ལས་ཀའི་འདུ་ཤེས་ལ་དམ་པོར་དམིགས་པ་དང་བསམ་ཕྱོགས་གསར་གཏོད་དང་རང་འགུལ་བྱ་སྤྱོད་ལ་བརྟེན་ནས་ནུས་ཕྱོད་ལྡན་པའི་དམངས་སྲིད་དང་ཀུན་གསལ་དམངས་སྲིད་ནུས་ཤུགས་ཡོད་རྒུས་བཏོད་དེ་དམངས་སྲིད་ཀྱི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་སྟེ་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་། བྱ་བཟང་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་པས་ཆུ་གསུམ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་གོང་འཕེལ་ཡོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་པ་དང་ཕྱིར་འཐུས་བྱེད་དགོས་རིགས་ཚང་མ་ཕྱིར་འཐུས་བྱས་ཤིང་། མིག་སྔར་རྫོང་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ1518ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་སྒོར་ཁྲི158.96སྤྲད་པ་དང་དུས་མཚུངས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་ཞིབ་བཤེར་དང་གྲལ་བཤེར་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་སྟེ་མིག་སྔར་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་དང་མི་འཚམ་པའི་མི702ཕྱིར་འཐུས་བྱས་པ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི432མང་དུ་བཏང་ནས་སྟབས་བསྟུན་དོ་དམ་འོག་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་པ་དང་། ཕྱིར་འཐུས་བྱེད་དགོས་རིགས་ཚང་མ་ཕྱིར་འཐུས་བྱས་ནས་དུས་ཐོག་ཏུ་འགན་ལེན་དང་ཕྱིར་འཐུས་དངོས་འབྲེལ་བྱེད་ཐུབ་པ་བྱས་ཡོད་པ་རེད།

གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་ལས་དོན་ལ་འགན་ལེན་ནུས་ལྡན་བྱས་ཤིང་། འགན་ལེན་ལྔའི་རྒན་རྒོན་ལ་རྒས་དུས་འཚོ་བརྟེན་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་པའི་འགན་ལེན་བྱ་ཆེད། ཆུ་གསུམ་རྫོང་དམངས་སྲིད་ཅུས་ཀྱིས་འགན་ལེན་ལྔའི་རྒན་རྒོན་གྱི་རྗེས་མཐུད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དོ་དམ་དང་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་བ་རེད། མིག་སྔར་རྫོང་དེ་ཡོངས་སུ་འགན་ལེན་ལྔ་བྱ་ཡུལ་མི་གྲངས237ཡོད་པར་མི་རེར་ལོ་རེར་སྒོར2600ཡི་ཚད་གཞི་ལྟར་བསྙེན་བཀུར་དངུལ་སྤྲོད་ཀྱི་ཡོད་པ་རེད།

གེགས་སེལ་བྱེད་ནུས་འཛུགས་སྐྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཤིང་། གནོད་འཚེའི་འཕྲལ་སྡོམ་མྱུར་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རང་བྱུང་གནོད་འཚེའི་འཚོ་བའི་རོགས་སྐྱོབ་མ་དངུལ་རིམ་དབྱེ་ཁག་བགོས་ཀྱི་འགན་ལེན་ལམ་སྲོལ་སྔར་བས་དོན་འཁྱོལ་བྱས་ཡོད་པ་སྟེ། འདི་ལོ་རྫོང་དེའི་རང་བྱུང་གནོད་འཚོའི་འཚོ་བའི་རོགས་སྐྱོབ་མ་དངུལ་ཁྱོན་སྒོར་ཁྲི155ཟིན་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། “དབུལ་སྐྱོར་དཀའ་སེལ་དང་རིགས་དབྱེ་བཅོས་སྐྱོབ”ཀྱི་མཛུབ་ཁྲིད་དགོངས་པ་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དང་། འགན་ལེན་ལྔའི་དུད་ཚང་། གཙོ་གནད་རོགས་སྐྱོར་བྱ་ཡུལ་བཅས་རོགས་སྐྱོབ་ཀྱི་གཙོ་གནད་དུ་བརྩིས་ཏེ་རོགས་སྐྱོབ་མ་དངུལ་དང་རོགས་སྐྱོབ་སྟོབས་ཤུགས་ཐད་གཟིགས་སྐྱོང་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཡུལ་མི335ལ་རོགས་སྐྱོབ་བྱས་པར་རོགས་སྐྱོབ་མ་དངུལ་སྒོར་ཁྲི67.96དོན་འཁྱོལ་ཐུབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག