མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་རྣམ་པ་གསར་པ་མངོན།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:22

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་དེ་ལྷུ་ཚིགས་དང་པོར་སླེབས་ཚུན། མངའ་རིས་ས་ཁུལ་གྱི་རྫོང་ཁག་དང་ཚན་པ་ཁག་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྙིང་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ། དཔེ་མཚོན་དར་སྤེལ་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་པ། དོན་དངོས་དང་ཟུང་འབྲེལ་བྱེད་པ། གཡས་གཡོན་དང་གོང་འོག་གང་སར་ཁྱབ་པ་བཅས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་ཡོང་བར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་རེད།

སློབ་སྦྱོང་དམ་འཛིན་ནན་པོ་བྱས་པས་བསམ་བློའི་གོ་རྟོགས་ཟབ་ཏུ་སོང་བ། མངའ་རིས་ས་ཁུལ་གྱི་རྫོང་ཁག་དང་ཚན་པ་ཁག་གིས་གཅིག་སྡུད་སློབ་སྦྱོང་དང་། རིགས་པའི་གཞུང་ལུགས་ཀྱི་ཞིབ་བསྡུར། གློག་བརྙན་ལྟ་བ། འཆད་ཁྲིད་བྱེད་པ། བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན་བྱེད་པ། སྔོན་གཤེགས་དཔའ་བོའི་བང་སོར་ལྟ་སྐོར་བྱེད་པ། བོད་རྒྱ་ཡིག་རིགས་གཉིས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་ཕུལ་བྱུང་སྲོལ་རྒྱུན་དང་མང་ཚོགས་ལམ་ཕྱོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སོགས་སློབ་སྦྱོང་བྱས་ཏེ་ལས་གནས་ལ་གཞི་འཛུགས་པ་དང་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་བཏང་ཡོད། མངའ་རིས་བརྙན་འཕྲིན་ཁང་གིས《ང་དང་མཉམ་དུ་སློབ་སྦྱོང་བྱེད》ཅེས་པའི་ལེ་ཚན་དང། མཚོ་ཆེན་རྫོང་གི་བོད་རྒྱ་སྐད་ཡིག་གཉིས་སློབ་སྦྱོང་གི་གསབ་སྦྱོང་འཛིན་གྲྭ། སྒེར་རྩེ་རྫོང་གི་རྩོམ་འབྲིའི་གསབ་ཁྲིད་སྙན་ཞུའི་ཚོགས་འདུ་སོགས་ལ་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོའི་ཡོངས་ཁྱབ་ཀྱི་བསྔགས་བརྗོད་ཐོབ་སྟེ་མངའ་རིས་ཀྱི་ལས་བྱེད་པ་དང་མང་ཚོགས་འཕེལ་རྒྱས་ནང་ཞུགས་པའི་སྤྲོ་སེམས་འཕེལ་བྱས་པ་རེད།

དམངས་ཀྱི་འབོད་སྒྲ་ཉན་པ་དང་ལས་ཀའི་བསམ་ཕྱོགས་ལ་འགྱུར་ལྡོག་གསར་པ་བྱུང་ཞིང་། མངའ་རིས་ས་ཁུལ་གྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་བསམ་ཕྱོགས་དང་གྲོས་འགོ998དང་། “སྤྱོད་ཚུལ་བཞི”དང“གནད་དོན་གཉིས” “ཉམས་ཞན་གཅིག”བཅས་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཁྱོན104བསྡུ་རུབ་བྱས་པས་འཕེལ་རྒྱས་ལ་བསམ་ཕྱོགས་དང་གསར་གཏོད་ལ་བྱ་ཐབས་ཡོད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

གཞི་རྟེན་གསར་གཏོད་བྱས་ནས་སློབ་གསོ་ལག་ལེན་ལ་རྣམ་པ་གསར་པ་ལྡན་ཞིང་། མངའ་རིས་ས་ཁུལ་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཁུང་ཕན་སེན་གྱི་སྙིང་སྟོབས་དང“སྔོན་བསྐྱོད་ལེན་གྱི་སྙིང་སྟོབས”ཀྱི་ནང་དོན་ཟབ་ ་སློབ་སྦྱོང་གང་ལེགས་བྱེད་པ་དང་། དམངས་ཆེད་ཞབས་འདེགས་ཞུ་བའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། ལས་སྒྲུབ་ལས་གཏོད་ཀྱི་དྲང་ནུས་གཅིག་ཏུ་འགྲིལ་བ་བཅས་ཀྱི་ཐོག་ནས་ཁུང་ཕན་སེན་གྱི་སྙིང་སྟོབས་དང“སྔོན་བསྐྱོད་ལེན་གྱི་སྙིང་སྟོབས”སློབ་སྦྱོང་བྱ་རྒྱུ་དེ་དད་སེམས་བརྟན་དུ་གཏོང་བ་དང་། ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་བ། གསར་འབྱེད་ཡར་བརྩོན། ཁྱད་འཕགས་དོན་གཉེར་བཅས་ཀྱི་ཐད་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཁུང་ཕན་སེན་གྱི་སྙིང་སྟོབས་དང“སྔོན་བསྐྱོད་ལེན་གྱི་སྙིང་སྟོབས”ལ་བརྟེན་ནས་རང་སྣང་གི་འཇིག་རྟེན་ལ་སྔར་བས་སྒྱུར་བཀོད་གཏོང་བ་དང་། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ། ལས་ཀར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་ཁུང་ཕན་སེན་གྱི་སྙིང་སྟོབས་དང“སྔོན་བསྐྱོད་ལེན་གྱི་སྙིང་སྟོབས”ཁྱབ་སྤེལ་གཏོང་མཁན་དང་། ལག་ལེན་པ། གསར་གཏོད་པ་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ལས་སློབ་ཕན་ཚུན་སྐུལ་མ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ཐད་རྣམ་པ་གསར་པ་མངོན་ཞིང་། ཟླ་གསུམ་པའི་བརྟན་ལྷིང་སྲུང་སྐྱོང་གི་འགག་རྩའི་དུས་སྐབས་སུ་མངའ་རིས་ས་ཁུལ་གྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཟླ་གསུམ་པའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་སློབ་གསོ་ལག་ལེན་བྱེད་སྒོ་ཟུང་འབྲེལ་བྱ་རྒྱུ་བསྐྱར་བསྒྲགས་བྱས་ནས་ཕན་ཚུན་སྐུལ་སྤེལ་གཏོང་ཐུབ་པ་བྱུང་ཡོད། རྫོང་ཁག་དང་ཚན་པ་ཁག་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པར་སློབ་གསོ་ལག་ལེན་བྱེད་སྒོ་དེ་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་རྒྱུ་དེ་བརྟན་ལྷིང་སྲུང་སྐྱོང་གི་སློབ་གསོ་དམ་འཛིན་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་སློབ་གསོར་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟེན་ནས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་མ་གཏིང་ཟབ་གཏོང་བ་མ་ཟད། ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”བཅས་ལ་བསྡུར་ཏེ“སྤྱོད་ཚུལ་བཞི”དང“གནད་དོན་གཉིས”“ཉམས་ཞན་གཅིག”བཅས་ལ་གཞིགས་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་དང་། བོད་ཀྱི་ལོ་གསར་གྱི་འཚམས་འདྲི་དང་སྤུན་མཆེད་དང་གཉེན་ཉེར་འཚམས་འདྲི་བྱེད་པའི་གོ་སྐབས་གང་ལེགས་སྤྱད་དེ་ཏང་ཡོན་ལས་བྱེད་པ་དང་། གཞི་རིམ་མང་ཚོགས། གཉེན་ཉེ་དང་གྲོགས་པོ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ནས་གནད་དོན་མངོན་གསལ་དོད་པོ་བཙལ་འཚོལ་ཡང་དག་གིས་འགོ་ཁྲིད་འཐབ་ཕྱོགས་དང་པོར་བརྟག་ཞིབ་ཏུ་བསྐྱོད་པ་དང་། འགལ་བ་འཐབ་ཕྱོགས་དང་པོར་ཤེས་རྟོགས་ཐུབ་པ། གནད་དོན་འཐབ་ཕྱོགས་དང་པོར་ཐག་གཅོད་ཐུབ་པ། སྤྱོད་ཚུལ་འཐབ་ཕྱོགས་དང་པོར་འགྱུར་ལྡོག་གཏོང་བ་བཅས་བྱེད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག