མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་་ལྷོ་རི་ལྗང་སྒྱུར་རྣམ་གྲངས་ལག་བསྟར་བྱས་ནས་ད་ལོར་ཤིང་སོན་མུའུ300ལྷག་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་ལྷོ་རི་ལྗང་སྒྱུར་རྣམ་གྲངས་ལག་བསྟར་བྱས་ནས་འདི་ལོ་ཤིང་སོན་མུའུ300ལྷག་འཛུགས་རྒྱུ་ཡིན་པ། རང་སྐྱོང་ལྗོངས་ནགས་ལས་ཐིན་ནགས་གསོའི་ལས་འགན་དང་འཆར་གཞི་ལྟར་འདི་ལོ་རང་ལྗོངས་ཀྱིས“རི་ལྡེབས་སུ་ཤིང་སོན་འཛུགས་པའི”འདུ་འགོད་མུ་མཐུད་ལག་བསྟར་བྱས་ནས་གཙོ་གནད་ས་ཁོངས་སུ་ཤིང་འཛུགས་ནགས་བཟོ་གང་མགྱོགས་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མ་འོངས་པའི་ལོ10ཡི་རིང་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར100བཏང་ནས་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་དང་དེ་བཞིན་དེའི་གཡས་གཡོན་གཉིས་ལ་ནགས་བཟོ་སྔོ་ལྗང་གི་ལས་དོན་སྤེལ་ནས་ལྷ་སའི་སྣོད་བཅུད་ཁོར་ཡུག་དང་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་གྱི་ལྷོ་རིའི་སྔོ་ལྗང་རྣམ་གྲངས2012ལོར་ལག་བསྟར་བྱེད་འགོ་ཚུགས་ཤིང་། མིག་སྔའི་བར་ཤིང་སོན་རྐང་ཁྲི10ལྷག་བཙུགས་པ་དང་། རི་ལྡེབས་སུ་སྔོ་ལྗང་རྒྱ་ཁྱོན་མུའུ400ཙམ་ཟིན་པ། འདི་ལོ་ལྷོ་རིའི་འདུ་འགོད་ཁུལ་གྱི་མུའུ300སྔོ་ལྗང་ཅན་དུ་འགྱུར་བར་བྱ་རྒྱུ་ཡིན་པ་རེད་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག