མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་དང་བླངས་པའི་ཞབས་ཞུའི་ལས་དོན་མཐུན་ཚོགས་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས14ཉིན་གསར་འགོད་པས་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱིས་དང་བླངས་ཞབས་ཞུའི་ལས་དོན་མཐུན་ཚོགས་བཙུགས་ནས་དང་བླངས་ཞབས་ཞུའི་བྱེད་སྒོར་མཐུན་སྦྱོར་དང་མཛུབ་ཁྲིད་བྱ་རྒྱུ་ཡིན་ཞིང་། མིག་སྔར་མཐུན་ཚོགས་འཛུགས་པའི་ལས་དོན་ཁག་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་འགན་འཁུར་བ་ཁྲེན་ཝུན་ཏེས“ད་ཆ་རང་ལྗོངས་ཀྱི་དང་བླངས་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བ་དང་། དང་བླངས་ཞབས་ཞུའི་ལས་དོན་མཐུན་ཚོགས་འཛུགས་པའི་དམིགས་ཡུལ་ནི་དང་བླངས་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་། དཔུང་ཁག་སྔར་བས་སྟོབས་ཆེར་གཏོང་བ། སྤྱི་ཚོགས་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་དུ་རེད”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོའི་ཟླ12པའི་བར་རང་ལྗོངས་སུ་དང་བླངས་ཞབས་ཞུའི་དཔུང་ཁག་ཁྲི3ལྷག་དང་དང་བླངས་པ་ཁྲི20ཙམ་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། 2013ལོར་ལྗོངས་ཡོངས་ཀྱི་དང་བླངས་པ་ཁྲི30ཡིས་རིགས་ཁག་གི་དང་བླངས་ཞབས་ཞུར་ཐེངས་ཁྲི1.8ཙམ་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག