མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཐོན་མདའ་གྲོང་ཚོ་སོགས་གྲོང་ཚོ་གསུམ་ཀྲུང་གོའི་རིག་གནས་ལོ་རྒྱུས་གྲོང་སྡེ་གྲགས་ཅན་གྱི་གྲས་སུ་ཚུད་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-26 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་རྒྱལ་ཁབ་སྡོད་ཁང་དང་གྲོང་རྡལ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་གནའ་རྫས་ཅུའུ་ཡིས་སྐོར་དྲུག་པའི་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན་གྱི་གྲས་སུ་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྤང་ཞིང་གྲོང་ཚོ་དང་། སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ། ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོ་བཅས་གྲོང་ཚོ་གསུམ་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲོང་སྡེ་གྲགས་ཅན་དུ་འདེམས་པས། འདི་ནི་བོད་ལྗོངས་ཀྱི་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲོང་སྡེ་གྲགས་ཅན་ཐོག་དང་པོར་འདེམས་ཐོན་བྱུང་བ་ཡིན། ཚེས24ཉིན། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། རྗེས་ཕྱོགས་བོད་ལྗོངས་ཀྱིས་ཁྱད་ཆས་ལྡན་པའི་གྲོང་ཚོ་འདི་གསུམ་པོར་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་ཏེ། འོས་འཚམས་ངང་གསར་སྤེལ་དང་རྒྱུན་མཐུད་ངང་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག