མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་སྨན་བཅོས་སྲིད་གཞུང་གིས་ཁ་གསབ་བྱེད་པའི་ཚད་གཞི་ཡར་བསྐྱར་ཇེ་མཐོར་བཏང་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-26 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་གྱིས་ཟླ3པའི་ཚེས24ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལ་སྲིད་གཞུང་གིས་ཁ་གསབ་བྱེད་པའི་ཚད་གཞི་ཡར་བསྐྱར་ཇེ་མཐོར་གཏོང་རྒྱུ་ཡིན་ཞིང་། 2013ལོར་མི་རེར་ཆ་སྙོམས་སུ་སྒོར340རེ་ནས་སྒོར380རེ་བར་ཇེ་མཐོར་བཏང་བས། འདི་ནི1993ལོ་ནས་ད་བར་དུ་ཐེངས11ལ་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁ་གསབ་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་བ་རེད།

2013ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་རོང་འབྲོག་ཁུལ་གྱི་སྨན་ཡོན་སྒོར་དུང་ཕྱུར8.3རྩིས་སྤྲོད་བྱས་ཤིང་། མིག་སྔར་ཞིང་བས་སྨན་བཅོས་ཐེབས་རྩ་སྤྱི་འབོར་སྒོར་དུང་ཕྱུར9.3ལ་སླེབས་ཡོད་དེ། དེའི་ནང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི86430ཁ་གསབ་བྱས་པ་དང་། ས་ཁུལ་དང་རྫོང་སོ་སོའི་ནོར་སྲིད་ཀྱིས་སྒོར་ཁྲི1290ཁ་གསབ་བྱས། མི་སྒེར་གྱིས་མ་དངུལ་སྒོར་ཁྲི5160གྲབས་གསོག་བྱས།

རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱི་མི་གྲངས80%སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་རྗེས་ལས་ཡིན་པའི་རོང་འབྲོག་ཁུལ་དུ་འཚོ་སྡོད་བྱས་ཡོད་དེ། 1959ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར20ལྷག་བཏང་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་དར་སྤེལ་གཏོང་བར་སྤྱོད་པས། དེ་ལས་བོད་ལྗོངས་རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཏེ། རོང་འབྲོག་མང་ཚོགས་ཁྲི་བརྒྱ་ལྷག་ལ་ཁེ་ཕན་ཐོབ་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག