མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་ལིང་ཏོག་ནད་པ་སྟོང་གསུམ་ལ་རིན་མི་ལེན་པར་གཤགས་བཅོས་བྱ་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-25 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་ལིང་ཏོག་ནད་པ་སྟོང་གསུམ་ལ་རིན་མི་ལེན་པར་གཤགས་བཅོས་བྱ་རྒྱུ་ཡིན་པ་དང་། མིག་ཤུགས་དམའ་བའི་ནད་པར་མཐོང་ཕན་ཡོ་བྱེད་སྟེར་རྒྱུ་རེད།

བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཀུང་ཏེ་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2011ལོར། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ཚོགས་པས་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་དང་རྒྱ་གྲམ་དམར་པོའི་མཐུན་ཚོགས། བོད་སྐྱོར་ཐེབས་རྩ་ལྷན་ཚོགས་སོགས་ཚན་པ་དང་མཉམ་འབྲེལ་བྱས་ཏེ2015ལོའི་ལོ་མཇུག་བར་དུ་ལིང་ཏོག་ཕོག་པའི་ནད་པ15000ལ་གཤགས་བཅོས་བྱ་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། ཆ་སྙོམས་སུ་ལོ་རེར་ནད་པ3000ལ་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད། དེར་མཁོ་བའི་སྨན་རིན་ནི་གཙོ་བོ་བོད་རང་སྐྱོང་ལྗོངས་ནོར་སྲིད་ནས་གཏོང་རྒྱུ་ཡིན་པ་དང་། ཁག་ཅིག་བོད་སྐྱོར་ཐེབས་རྩ་ལྷན་ཚོགས་སོགས་དགེ་སྒྲུབ་ལས་ཁུངས་ནས་ཞལ་འདེབས་རྒྱག་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག