མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཚན་རྩལ་ཁྱབ་གདལ་བཏང་བ་ལས་བོད་ལྗོངས་ཀྱི་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པར་མཐུན་རྐྱེན་སྐྲུན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-25 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཆེད་མངགས་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཡོད་པ་དང་།  ཁོ་ཚོས་ཐོན་རྫས་གསར་བ་དང་ལག་རྩལ་གསར་བ་མང་ཚོགས་ཁྲོད་དུ་བསྐྱལ་བ་དང་།  རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་ཕན་འབྲས་ཆེ་བའི་སྤུས་ལེགས་ལག་རྩལ་ཞབས་ཞུ་འདོན་སྤྲོད་བྱས་པ་རེད།  སྔོན་ཐོན་དངོས་བཀོལ་ལག་རྩལ་ཁྱབ་སྤེལ་བྱེད་པ་དང་ཚན་རིག་ལག་རྩལ་གྲུབ་འབྲས་ཅན་དུ་གཏོང་བ།  ཞིང་ཕྱུགས་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་སོགས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།

 ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་འབྲོམ་སྟོད་ཤང་གླིང་ལྔ་སྡེ་བའི་སྡེ་མིའི་ཚན་ཆུང9བས་སྡེ་བའི་ཞིང་ས་མུའུ60འགན་གཙང་ལེན་བྱས་ཏེ་དྲོད་ཁང་འཛུགས་སྐྲུན་བྱས་པ་དང་།  ཚན་རྩལ་ཆེད་མངགས་པས་མཛུབ་སྟོན་བྱས་འོག  སྔོ་ཚོད་སྣ་ཚོགས་འདེབས་འཛུགས་བྱེད་བཞིན་ཡོད་ལ།  ལོ་རེར་སྒོར་ཁྲི7གྱི་ཡོང་སྒོ་ཡོད་པ་རེད།  པར་རིས་སྟེང་ཆོས་འཛོམས་ཀྱིས་ཀན་སུའུ་ནས་ནང་འདྲེན་བྱས་པའི་གྲོ་མ་བསྡུ་ལེན་བྱེད་བཞིན་པའི་ཚུལ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག