མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོད་སོང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་གནམ་གཤིས་དྲོད་ཚད་མངོན་གསལ་ངང་འཕར་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-25 10:53

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་སྔོན་བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི《བོད་ལྗོངས་ཀྱི་གནས་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་སྤྱི་བསྒྲགས》ལྟར་ན། འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོད་སོང་བའི་ཤུགས་རྐྱེན་ཐེབས་པ་ལས་བོད་ལྗོངས་ས་ངོས་ཀྱི་ལོ་རེའི་ཆ་སྙོམས་གནམ་གཤིས་དྲོད་ཚད་མངོན་གསལ་ངང་འཕར་བཞིན་ཡོད་པ་དང་། ཆར་ཆུ་འབབ་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད།

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཀྲུང་རིན་གཞོན་པ་ཏུའུ་ཅུན་གྱིས་བཤད་རྒྱུར། བོད་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚུགས18ཀྱི་བཏོན་པའི་གཞི་གྲངས་ལྟར་ན། 1961ལོ་ནས2013ལོའི་བར། བོད་ལྗོངས་ས་ངོས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ལོ10རེར་ཆ་སྙོམས་སུ་དྲོད་ཚད0.31ཇེ་མཐོར་འགྲོ་བཞིན་ཡོད་ཟེར།

    དྲོད་ཚད་མུ་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས་ཉེ་བའི་ལོ་འདི་དག་རིང་ལ་བོད་ལྗོངས་ཀྱི་ཆར་ཆུ་འབབ་ཚད་ཀྱང་མངོན་གསལ་ངང་ཇེ་མང་དུ་འགྲོ་བཞིན་ཡོད་དེ། གནམ་གཤིས་འགྱུར་ལྡོག་བྱུང་བའི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལྟར་ན། 1961ལོ་ནས་2012ལོའི་བར་དུ་བོད་ལྗོངས་ཀྱི་ལོ་རེའི་ཆར་ཆུ་འབབ་ཚད་ལོ10རེར་ཆ་སྙོམས་སུ་ཧའོ་སྨི6.6ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག