མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བསྟུད་མར་ལོ་གསུམ་ལ་བོད་ལྗོངས་ནས་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ་ཡོངས་རྫོགས་ལས་ལ་ཞུགས་པ་མངོན་འགྱུར་བྱས།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-24 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས22ཉིན་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཐིན་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་བསྟུད་མར་ལོ་གསུམ་ལ་བོད་ལྗོངས་ནས་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ་ཡོངས་རྫོགས་ལས་ལ་ཞུགས་པ་མངོན་འགྱུར་བྱས་ཤིང་། 2013ལོའི་མཐོ་སློབ་མཐར་ཕྱིན་སློབ་མ14379ཡོད་པ་དང་། ལས་ལ་ཞུགས་ཚད99.1%ལ་སླེབས་ཡོད་པ་རེད།

སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག 2011ལོར་བོད་ལྗོངས་ནས་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ་མི12407ཡོད་པ་དང་། ལས་ལ་ཞུགས་ཚད99.31%ལ་སླེབས། 2012ལོར་བོད་ལྗོངས་ནས་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ་མི12574ཡོད་པ་དང་། ལས་ལ་ཞུགས་ཚད99.36%ལ་སླེབས། 2013ལོར་བོད་ལྗོངས་ནས་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ་མི14379ཡོད་པ་དང་། ལས་ལ་ཞུགས་ཚད99.17%ལ་སླེབས། དེ་བས་བོད་ལྗོངས་ཀྱིས་བསྟུད་མར་ལོ་གསུམ་ལ་བོད་ལྗོངས་ནས་ཡོང་བའི་མཐོ་སློབ་མཐར་ཕྱིན་སློབ་མ་ཡོངས་རྫོགས་ཕལ་ཆེར་ལས་ལ་ཞུགས་པ་མངོན་འགྱུར་བྱས།

མ་ཧྲིན་ཁྲེང་གིས་བཤད་རྒྱུར། 2014ལོར་བོད་ལྗོངས་སུ་བོད་ལྗོངས་ནས་ཡོང་བའི་སློབ་ཆེན་མཐར་ཕྱིན་སློབ་མ14435ཡོད་དེ། བོད་ལྗོངས་ཀྱིས་མུ་མཐུད་དུ་ལས་ཞུགས་གཟེངས་བསྟོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྡེ་ཁག་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས། དཀའ་སྡུག་ཆེ་བའི་ཐག་རིང་མཐའ་མཚམས་ས་ཁུལ་དང་ཡང་ན་ཕྱི་རོལ་ས་ཁུལ་དུ་ལས་ལ་ཞུགས་པར་བསྟོད་སྐུལ་དང་སྣེ་ཁྲིད་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག