མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་མི་ཁྲི28.23ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-24 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་བོད་ལྗོངས་ཀྱིས་བསྡོམས་པས་རོང་འབྲོག་པ་མི་ཁྲི23.1དང་ཞིང་སྡེའི་དགེ་སློབ་མི་ཁྲི5.13ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་རེད།

རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་བོད་ལྗོངས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར46བཏང་སྟེ། རོང་འབྲོག་ཁུལ་གྱི་མི་ཁྲི28.23ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་མ་ཟད། ཞིང་ཆུ་འདྲེན་སའི་རྒྱ་ཁྱོན་མུའུ་ཁྲི32གསར་སྣོན་དང་ལེགས་བཅོས་བྱས་པ་རེད།

རྒྱུས་ལོན་ལྟར་ན། ན་ནིང་བོད་ལྗོངས་ཀྱི་དམངས་འཚོའི་ཆུ་བེད་བཟོ་སྐྲུན་རྣམ་གྲངས་ལ་གྲུབ་འབྲས་གསར་བ་བླངས་ཤིང་། 2013ལོར་བོད་ལྗོངས་ཀྱིས་ཞིང་ཆུ་འདྲེན་ཁུལ་གཙོ་བོར་ཆུ་གྲོན་ཆུང་བྱེད་པའི་སྒྲིག་ཆས་བསྒྱུར་བཀོད་རྣམ་གྲངས10གསར་དུ་ལས་འགོ་བརྩམས་པ་དང་། ཞིང་སའི་ཆུ་བེད་ཆུང་གྲས་འཛུགས་སྐྲུན་བྱེད་པའི་རྫོང་གཙོ་བོ14གསར་དུ་སྣོན་པ། དེ་མིན་འབྲོག་ཁུལ་གྱི་ཆུ་བེད་ཚོད་ལྟ་བྱེད་པའི་རྫོང་གཙོ་བོ11གསར་སྣོན་བྱས་པ། རྨོ་ཞིང་གི་ཆུ་བེད་ཆེད་དོན་ཆུང་གྲས་ཀྱི་རྫོང14བཅས་གསར་སྣོན་བྱས་ཏེ། ཞིང་བའི་ཆུ་བེད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར5.09བཀོད་སྒྲིག་བྱས་ཏེ་རྩིས་སྤྲོད་གནང་།

རྒྱུས་ལོན་ལྟར་ན། 2015ལོར་སླེབས་དུས་བོད་ལྗོངས་ཀྱིས་ཆུ་བེད་ཚོད་འཛིན་བྱེད་པའི་ལས་གཞི་རྐང་འཛིན་སྐོར་ཞིག་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་དང་། ཆུ་འདོན་ནུས་ཤུགས་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར7གསར་སྣོན་བྱས་པ་བརྒྱུད་དེ། རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་གནད་དོན་ཡོངས་སུ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག