མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་རོལ་གྱི་རི་འཛེག་རུ་ཁག73སྣེ་ལེན་བྱས་ཏེ་ཡོང་སྒོ་མ་དངུལ་སྒོར་ཁྲི870ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-24 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། མཐུན་ཚོགས་ཀྱིས་ཟླ3པའི་ཚེས18ཉིན་ནས་བཟུང་བསྟུད་མར་ཉིན་གསུམ་ནང་རི་འཛེག་སྐོར་གྱི་ཤེས་བྱའི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། བོད་ལྗོངས་ནས་ཡོང་བའི་རི་འཛེག་རུ་ཁག་དང་། བོད་ལྗོངས་རུ་འཛེག་ལུས་རྩལ་དོ་དམ་ལྟེ་གནས། བོད་ལྗོངས་རི་འཛེག་སློབ་གྲྭ། བོད་ལྗོངས་ཀྱི་གནས་རིར་འཛེག་པའི་མྱུལ་ཞིབ་ཀུང་སི་སོགས་ནས་ཡོང་པའི་རི་འཛེག་པ་ཟབ་སྦྱོང་ནང་ཞུགས།

རྒྱུས་ལོན་ལྟར་ན། ད་ཐེངས་ཀྱི་ཟབ་སྦྱོང་ནི་བོད་ལྗོངས་རི་འཛེག་པའི་ཤེས་བྱ་གཞན་དག་གི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་བ་དང་། ཟབ་སྦྱོང་ཞུགས་མཁན་གྱི་སློབ་མའི་ཕྱོགས་བསྡུས་སྤུས་ཚད་ཇེ་མཐོར་གཏོང་བ ། མཐོང་རྒྱ་ཆེ་ཆེར་བསྐྱེད་པ་བཅས་བྱས་ཁར། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ལྗོངས་ཀྱི་རི་འཛེག་ལུས་རྩལ་སྔར་ལས་ལྷག་པས་བརྒྱུད་སྒྲོག་བྱས་ཏེ། བོད་ལྗོངས་རི་འཛེག་བྱ་གཞག་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་ཆེད་རེད།

 བོད་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་མེང་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། ན་ནིང་བོད་ལྗོངས་ཀྱིས་རྒྱལ་ཕྱིའི་རི་འཛེག་རུ་ཁག73ལ་སྣེ་ལེན་བྱས་པ་དང་། བསྡོམས་པས་མི626ཡོད་ལ། དེ་དག་ནི་ཇོ་མོ་གླང་མའི་རི་རྩེ་དང་། ཤི་ཤ་སྦང་མ་རི་རྩེ། རྗེ་བོ་རི་རྩེ་སོགས་ལ་འཛེག་པ་རེད། དེ་དག་ལས་ཡོང་འབབ་མ་དངུལ་སྒོར་ཁྲི870ལྷག་ཡོད་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག