མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱིས་རོང་འབྲོག་པ་མང་ཚོགས་ཁྲི28.23གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-23 11:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན།  2013ལོར་བོད་ལྗོངས་ཀྱིས་བསྡོམས་པས་རོང་འབྲོག་པ་མང་ཚོགས་ཁྲི23.1དང་ཞིང་སྡེའི་དགེ་སློབ་ཁྲི5.13གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད། 

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་ན་ནིང་བོད་ལྗོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར46བཏང་ནས། རོང་འབྲོག་པ་མང་ཚོགས་ཁྲི28.23གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་དང་།  ཞིང་ས་མུའུ་ཁྲི32ལ་ཆུ་འདྲེན་པ་ཡིན་ཟེར།

རྒྱུས་ལོན་པ་ལྟར་ན།  ན་ནིང་བོད་ལྗོངས་ཀྱི་དམངས་འཚོ་ཆུ་བེད་བཟོ་འགོད་རྣམ་གྲངས་ཐད་གྲུབ་འབྲས་གསར་བ་བླངས་ཤིང་།  2013ལོར་གཙོ་གནད་ཆུ་འདྲེན་ས་ཁུལ་ལེགས་བསྒྱུར་རྣམ་གྲངས10འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་།  གཞི་རྒྱ་ཆུང་བའི་ཞིང་སའི་ཆུ་བེད་འཛུགས་སྐྲུན་རྫོང་ཁག11དང་འབྲོག་ཁུལ་ཆུ་བེད་དཔེ་སྟོན་རྫོང་ཁག11།  གཞི་རྒྱ་ཆུང་བའི་ཞིང་སའི་ཆུ་བེད་ཆེད་དོན་རྫོང་ཁག14བཅས་གསར་སྣོན་བྱས་ཡོད་ལ།  ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར5.09བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག