ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་2014ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ་ཕུལ་པའི《སྲིད་གཞུང་བྱ་བའི་སྙན་ཞུ》སོག་རིགས་དང་བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས་བདུན་གྱི་སྐད་ཡིག་གི་དེབ་རྐྱང་མ་ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའུ་ཡིས་ལོ་ཙཱ་བྱས་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། མི་འགྱངས་བར་རྒྱལ་ཡོངས་ལ་སྤྱི་བསྒྲགས་འགྲེམ་སྤེལ་བྱེད་རྒྱུ་རེད། །