མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱིས་བྱེ་འགོག་བྱེ་བཅོས་བཟོ་སྐྲུན་མུའུ་ཁྲི40ལྷག་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-21 12:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ན་ནིང་བོད་ལྗོངས་ཀྱིས་བཟོ་སྐྲུན་རྫོང23རྩ་འཛུགས་བྱས་ཏེ2012ལོའི་ལོ་ཧྲིལ་བོར་བོད་ལྗོངས་སྐྱེ་ཁམས་བདེ་འཇགས་འགོག་རགས་སྲུང་སྐྱོང་དང་བྱེ་འགོག་བྱེ་བཅོས་བཟོ་སྐྲུན་མུའུ་ཁྲི40ལྷག་ལེགས་འགྲུབ་བྱུང་ཞིང་། བསྡོམས་པས་ཀྲུང་དབྱང་སྔོན་རྩིས་མ་དངུལ་སྒོར་ཁྲི8019བཏང་ཡོད་པ་རེད།

ཉེ་བའི་ལོ་བཅུའི་རིང་ལ། བོད་ལྗོངས་ཀྱིས་བོད་ལྗོངས་ཤར་ལྷོ་ས་ཁུལ་དུ་བྱེ་འགོག་བྱེ་བཅོས་བྱེད་པ་དང་། རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན། བོད་ལྗོངས་སྐྱེ་ཁམས་བདེ་འཇགས་འགོག་རགས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་སོགས་སྐྱེ་ཁམས་ཞིག་གསོ་བཟོ་སྐྲུན་རྣམ་གྲངས་བཅུ་ལྷག་ལག་བསྟར་བྱས། བྱེད་ཐབས་འདི་དག་ལས་བོད་ལྗོངས་ཀྱི་བྱེ་འགོག་བྱེ་བཅོས་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག