མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས5གསོ་སྐྱོང་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-21 12:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་སྐོར་ཞིག་མགྱོགས་མྱུར་ངང་དར་འཕེལ་བྱུང་བཞིན་ཡོད་ཅིང་། ད་ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས5གསོ་སྐྱོང་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་དེ། རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་ཆུང་འབྲིང10གཏན་ཁེལ་བྱས་ཡོད།

རང་སྐྱོང་ལྗོངས་ཚན་རྩལ་ཐིན་གྱི་ཐིན་ཀྲང་ཀང་ཆིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཐོ་གསར་ལག་རྩལ་ཁེ་ལས་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་བའི་གནས་གསར་བ་ཞིག་ཏུ་གྱུར་བཞིན་ཡོད་དེ། མིག་སྔར་བོད་ལྗོངས་སུ་མཐོ་གསར་ལག་རྩལ་ཁེ་ལས22ཡོད་པ་དང་། དེའི་ནང2013ལོར་བསྡོམས་པས་ཁེ་ལས9གསོ་སྐྱོང་བྱས་ཤིང་། ཆ་འཕྲིན་ལག་རྩལ་དང་། སྐྱེ་དངོས་དང་སྨན་རྫས་གསར་བའི་ལག་རྩལ། མཁའ་སྐྱོད་མཁའ་འགྲུལ་ལག་རྩལ་སོགས་ལག་རྩལ་ཁྱབ་ཁོངས་གང་མང་འདུས།

ཀང་ཆིན་གྱིས་བཤར་རྒྱུར། ད་ལོར་རང་སྐྱོང་ལྗོངས་ཚན་རྩལ་ཐིན་གྱིས་མུ་མཐུད་དུ་ཁེ་ལས་ལ་སྐུལ་འདེད་བཏང་སྟེ་ལག་རྩལ་གསར་གཏོད་བྱེད་པ་དེ་གཙོ་གནད་དུ་འཇོག་རྒྱུ་ཡིན་པ་དང་། ཁྱད་ལྡན་ཕུལ་བྱུང་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་བ་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས5གསོ་སྐྱོང་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ལ། ཐོག་དང་པོའི་ཞིབ་བཤེར་ཁྲོད་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས13དང་། རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་ཆུང་འབྲིང10གཏན་ཁེལ་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་སུ་ཆོག་མཆན་གནང་བའི་ཁེ་ལས་ཀྱིས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའམ་ཡང་ན་དཔྱ་ཁྲལ་མེད་པར་གཏོང་བའི་སྲིད་ཇུས་བེད་སྤྱོད་ཐུབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག