
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ཐང་ག་དང་ཡིག་གཟིགས་འགྲེམ་སྟོན་པེ་ཅིན་གྲོང་ཁྱེར་ཁྲའོ་ཡན་མིན་ནས་བསྡུས་པ་དང་། ཀན་ལྷོ་བོད་ཁུལ་གྱི་ཐང་ག་ཉར་ཚགས་བྱེད་མཁན་ནམ། ཡིག་གཟིགས་ལ་དགའ་ཞེན་ཆེ་བའི་སྐུ་ཞབས་ཚེ་རིང་དོན་འགྲུབ་ཀྱིས་ཁོའི་ཉར་ཚགས་བྱས་པའི་ཕུལ་བྱུང་ཐང་ག་དང་ཡིག་གཟིགས་པ་རྡོ་རྗེའི《བཀྲ་ཤིས་རྟགས་བརྒྱད》《མ་ཎི་ཡིག་དྲུག》སོགས་བསྡོམས་པས་བརྩམས་ཆོས་བརྒྱ་ལྷག་འགྲེམ་སྟོན་བྱས། ཐེངས་འདིའི་འགྲེམ་སྟོན་བྱས་པའི་ཐང་ག་ལས《གསོ་རིག་རྒྱུད་བཞི》ཡི་ཐང་ག་བརྒྱད་བཅུ་ལྷག་བརྗོད་དོན་དུ་བཟུང་ནས། ནང་དོན་ཐད་ནས་འཐུས་སྒོ་ཚང་ཞིང་། བསོན་ཉམས་ལྡན་པས་བོད་ཀྱི་གསོ་རིགས་མི་ཤེས་པའི་མི་རྣམས་ལ་བློ་སྒོ་འབྱེད་པའི་སྒེའུ་ཁུང་ཞིག་འདོན་སྤྲོད་བྱས་པ་རེད། །