མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ལྗང་སྒྱུར་བྱེད་ཚད37.6%ལ་སླེབས་ཏེ་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་དུ་འདེམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-20 09:47

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྐྱེད་ཚལ་བསྐྲུན་པའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2014ལོའི་ཟླ1པོའི་ཚེས14ཉིན་སྡོད་ཁང་དང་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་དུ་འདེམས་པའི་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་གོང་འོག་ཡོངས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ན་ནིང་ལྷ་ས་གྲོང་ཁྱེར་ཞིབ་བཤེར་བརྒྱུད་དེ་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་དུ་འདེམས་པ་རེད།

    མིག་སྔའི་བར་དུ་ལྷ་ས་གྲོང་ཁྱེར་དུ་སྤངས་ཐང་བསྐྲུན་ཚད32.8%ལ་སླེབས་ཡོད་དེ། ལྗང་སྒྱུར་ཁྱབ་གདལ་བྱེད་ཚད37.6%ལ་སླེབས་ཡོད། མི་རེའི་ཆ་སྙོམས་ཀྱི་སྤངས་ཐང་རྒྱ་ཁྱོན་སྨི་གྲུ་བཞི་མ9.6ལ་སླེབས་ཡོད་པས། དམིགས་ཚད་སོ་སོ་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་གྱི་ཚད་གཞི་དང་མཐུན་ཞིང་། སྐྱེད་ཚལ་གྲོང་ཁྱེར་གྱི་གྲུབ་འབྲས་བེད་སྤྱོད་བྱ་ཆེད། ལྷ་ས་གྲོང་ཁྱེར་ནགས་ལས་ལྗང་སྒྱུར་ཅུའུ་ཡིས་སྐྱེད་ཚལ་ལྗང་སྒྱུར་དོ་དམ་བྱ་བར་མུ་མཐུད་དུ་ཤུགས་བསྣན་ཏེ་གྲོང་ཁྱེར་ལྗང་སྒྱུར་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་བའི་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག