མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྐོར་དང་པོ་ལྗོངས་རིམ་པའི་གཟུགས་འདུས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་སྙན་ཞུ་ཕུལ་བའི་བྱ་བ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-20 09:47

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན་གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་སྐོར་དང་པོ་ལྗོངས་རིམ་པའི་གཟུགས་འདུས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་སྙན་ཞུ་ཕུལ་བའི་བྱ་བ་སྤེལ་འགོ་བརྩམས་ཤིང་། སྙན་ཞུ་འབུལ་བའི་དུས་ཡུན་ཟླ4བའི་ཚེས20ཉིན་བར་དུ་ཡིན་པ་རེད།

    རྒྱུས་ལོན་ལྟར་ན། ཐེངས་འདིའི་སྙན་ཞུ་འབུལ་བའི་ཆ་རྐྱེན་ནི་གཟུགས་འདུས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ལ་སྲོལ་རྒྱུན་གྱི་ལག་རྩལ་དང་། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་སྨན་རྫས་བཙོ་སྦྱོང་དང་། དམངས་སྲོལ་སྐོར་གྱི་རྣམ་གྲངས་སྐོར་ཞིག་འདུས་ཤིང་། ངེས་བར་དུ་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་མིང་ཐོའི་ཐོག་ནས་སྙན་ཞུ་འབུལ་དགོས་བ། མ་མཐའ་ཡང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གཟུགས་འདུས་ཤུལ་བཞག་རིག་གནས་མིང་ཐོའི་རྣམ་གྲངས1ཡོད་པ། ངེས་པར་དུ་རིམ་པ་སོ་སོའི་གཟུགས་འདུས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རྒྱུད་འཛིན་པ་གཙོར་འཛིན་པ། དེ་མིན་སྒེར་གཉེར་གཟུགས་འདུས་ཤུལ་བཞག་རིག་གནས་ཐོན་སྐྱེད་ཚོང་གཉེར་བྱེད་ཡུལ་དང་། མཉམ་ལས་ཁང་། གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པའི་ཁེ་ལས་སོགས་ཡིན་ཆོག

    རྒྱུས་ལོན་པ་ལྟར་ན། ས་ཁུལ་སོ་སོའི་རིག་གནས་ཅུའུ་དང་། རྣམ་གྲངས་སོ་སོའི་སྲུང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གྲོང་ཁྱེར་དང་། རྫོང་། རང་སྡེ་ཁག་གི་སྙན་ཞུ་འབུལ་བའི་ཆ་རྐྱེན་དང་མཐུན་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་ལ་རྟོག་ཞིབ་དང་རིགས་སྒྲུབ་བྱས་པ་བརྒྱུད། ས་གནས་དེ་རིག་གནས་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་བསྡོམས་དང་ཡར་ཞུ་བྱེད་པ་དང་། རང་སྐྱོང་ལྗོངས་ཐད་གཏོགས་འབྲེལ་ཡོད་ཁེ་ལས་ཀྱིས་ཐད་ཀར་དུ་རང་སྐྱོང་ལྗོངས་རིག་གནས་ཐིན་ལ་ཡར་ཞུ་བྱེད་ཆོག་ལ། ལྗོངས་རིག་གནས་ཐིན་གྱིས་སྙན་ཞུ་ཡིག་ཆ་ལ་ཞིབ་བཤེར་བྱས་རྗེས། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཡུལ་དངོས་ལ་རྟོག་ཞིབ་དང་། ཆེད་མཁས་པས་ཞིབ་དཔྱད་ཚོགས་འདུ་བསྡུས་ནས་ཕྱོགས་བསྡུས་རིགས་སྒྲུབ་དང་ཞིབ་དཔྱད་བྱས་ཏེ། ད་ལོའི་ལོ་ནང་དུ་མིང་བཏགས་ཏེ་སྒོ་བྱང་གནང་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག