མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་སློབ་མར་རོགས་སྐྱོར་བྱེད་པའི་དོ་དམ་བྱ་བར་སྐུལ་འདེད་བཏང་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-20 09:47

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མ་རྣམས་བདེ་བླག་ངང་སློབ་གྲྭར་འགྲིམས་ཏེ་སློབ་གསོ་མྱོང་ཆེད། ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་དཀའ་ངལ་ཡོད་པའི་སློབ་མ་རྣམས་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་སྟེ། བྱེད་ཐབས་སྣ་མང་སྤྱད་དེ་སློབ་མའི་རོགས་སྐྱོར་དོ་དམ་བྱ་བར་ཤུགས་བསྣན་ནས། རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་པ་དང་། རོགས་སྐྱོར་བྱེད་དགོས་པའི་སློབ་མ་ཡོད་ཚད་ལ་རོགས་སྐྱོར་བྱེད་ཐུབ་པ་ཁག་ཐེག་བྱས།

    ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་བྱ་བ་ལས་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་འཁུར་བོ་ཇེ་ཡང་དུ་གཏོང་ཐུབ་པ་དང་། སློབ་གསོ་འདྲ་མཉམ་དང་སྤྱི་ཚོགས་འདྲ་མཉམ་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ལྷོ་ཁ་ས་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེ་བས་ལྷོ་ཁ་ས་ཁུལ་གྱིས་སྨྱན་བྱེད་གང་མང་བེད་སྤྱད་དེ་རྣམ་པ་སྣ་མང་བརྒྱུད་དེ་གཞི་རིམ་དུ་སོང་ནས་སློབ་མར་རོགས་སྐྱོར་བྱེད་པའི་དྲིལ་བསྒྲགས་བྱ་བ་ལེགས་པོར་སྒྲུབ་པ་དང་ཆབས་ཅིག སློབ་མའི་ཁྱིམ་བདག་ལ་དྲིལ་བསྒྲགས་བྱེད་པ་དང་། རོགས་སྐྱོར་སྲིད་ཇུས་འགྲེལ་བཤད་རྒྱག་པའི་བྱ་བ་གཙོ་བོར་བཟུང་སྟེ། རོགས་སྐྱོར་ཁྱབ་ཁོངས་དང་། རོགས་སྐྱོར་བྱ་ཡུལ། རོགས་སྐྱོར་བྱེད་པའི་ཆ་རྐྱེན་སོགས་རིམ་པ་སོ་སོར་ཕྲ་ཞིང་ཞིབ་པའི་སྒོ་ནས་དྲིལ་སྒྲོག་དང་མཛུབ་སྟོན་བྱས་ཏེ། རོགས་སྐྱོར་སྐོར་གྱི་རྨང་གཞིའི་བྱ་བ་སོ་སོ་བདེ་ལེགས་ངང་སྤེལ་བར་ཁག་ཐེག་བྱས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག