ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་རིང་ལ། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱིས་དགོན་སྡེའི་དོ་དམ་བྱ་བར་ཤུགས་སྣོན་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་པ་གཉིས་ཟུང་དུ་འབྲེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་དགོན་སྡེ་ལ་སྟབས་བདེ་བསྐྲུན་པ་དང་མང་ཚོགས་ལ་དངོས་ཕན་ཐོབ་པའི་སྲིད་ཇུས་ཁྱབ་གདལ་བྱེད་ཚད་རྒྱ་བསྐྱེད་དེ། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་འཁུར་དང་དྲོད་ཁོལ་ཉམས་སུ་མྱོང་དུ་བཅུག མིག་སྔའི་བར་དུ་ནག་ཆུ་ས་ཁུལ་གྱིས་དགོས་སྡེ་ལ“དགུ་ཡོད”བཟོ་སྐྲུན་དངོས་འབེབས་བྱེད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.5ལྷག་བཏང་ཞིང་། དེའི་ནང་ཆོས་ལུགས་སྤེལ་སར་ལམ་གཏོང་བའི་བཟོ་སྐྲུན་རྣམ་གྲངས211ལག་བསྟར་བྱས་པ་དང་། གྲྭ་བཙུན་མི3795ལ་དངོས་ཕན་ཐོབ། དགོན་སྡེའི་འཐུང་ཆུ་བཟོ་སྐྲུན་རྣམ་གྲངས134དངོས་འབེབ་བྱས་ཤིང་། གྲྭ་བཙུན་མི3600ལ་དངོས་ཕན་ཐོབ། དགོན་སྡེ་ལ་གློག་གནས202འཐེན་ནས་ལེགས་འགྲུབ་བྱུང་བས་གྲྭ་བཙུན་མི3313ལ་དངོས་ཕན་ཐོབ་ཡོད་པ་རེད།