མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར300བཏང་སྟེ“གཙང་གཉིས་དང་ཆུ་བོ་བཞི”ལ་སྲུང་སྐྱོབ་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-14 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཐིན་ནགས་སྐྲུན་ལྗང་སྒྱུར་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། 2014ལོ་ནས2030ལོའི་བར་དུ། བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར300ཡས་མས་བཏང་སྟེ“གཙང་གཉིས་དང་ཆུ་བོ་བཞི”ལ་ནགས་སྐྲུན་ལྗང་སྒྱུར་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན2030ལོའི་བར་དུ་བོད་ལྗོངས་ཀྱི་མིས་ཐབས་ཀྱིས་བསྐྲུན་པའི་ནགས་ཚལ་ལ་ལྗང་སྒྱུར་བྱེད་པའི་གཞི་ཁྱོན་མུའུ་ཁྲི1000ལ་སླེབས་རྒྱུ་རེད།

 བོད་ལྗོངས་ཀྱི“གཙང་གཉིས་དང་ཆུ་བོ་བཞི”ནི་ཡར་ཀླུང་གཙང་བོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་སའི་གཙང་བོ། ཉག་ཆུ། ཉང་ཆུ། སེང་གེ་ཁ་འབབ་བཅས་ཡིན་ཞིང་།“གཙང་གཉིས་དང་ཆུ་བོ་བཞི”ཡི་བཞུར་རྒྱུན་དེ་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་འབྲེལ་ཡོད་དེ། འདི་རུ་བོད་ལྗོངས་ཀྱི་མི་འབོར80%འཚོ་སྡོད་བྱས་ཡོད་ལ། འབྲུ་རིགས་ཐོན་ཚད་གཙོ་བོ་ཐོན་སྐྱེད་བྱེད་པའི་ས་ཁུལ་ཡང་ཡིན་ནོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག