མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཆབ་མདོ་ནས་ཁྲུང་ཆིན་བར་གྱི་མཁའ་སྐྱོད་ལམ་ཐིག་སྤྱི་ཟླ3པའི་ཟླ་མཇུག་ཏུ་གཏོང་རྩིས་ཡོད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-14 11:04

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས10ཉིན་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་བོད་ལྗོངས་མཁའ་འགྲུལ་ཀུང་ཟི་གཉིས་བར་མཉམ་ལས་གྲོས་མཐུན་བཞག་པ་མ་ཟད། ཆབ་མདོ་ནས་ཁྲུང་ཆིན་བར་གྱི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱེད་རྒྱུ་ཡང་གཏན་འཁེལ་བྱས་པ་རེད། སྔོན་དཔག་བྱས་པ་ལྟར་ན་ཆབ་མདོ་ནས་ཁྲུང་ཆིན་བར་གྱི་མཁའ་འགྲུལ་ལམ་ཐིག་དེ་སྤྱི་ཟླ3པའི་ཟླ་སྨད་དུ་འཁོར་སྐྱོད་ཐུབ་རྩིས་ཡོད། ཕྱོགས་གཉིས་བར་གྱི་འགྲུལ་སྐྱེལ་གནམ་གྲུ་ནི་མཁའ་འགྲུལ A319རྟགས་ཅན་ཡིན་པ་དང་། འཁོར་སྐྱོད་བྱས་རྗེས་གཟའ་འཁོར་རེར་ཕུར་ཐེངས་གསུམ་རེ་ཡན་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག