མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ནོར་སྲིད་ཀྱིས་ལོ་བཅུའི་རིང་མ་དངུལ་སྒོར་དུང་ཕྱུར46བཏང་སྟེ་བོད་ལྗོངས་ཀྱི་སྐྱེ་ཁམས་ནགས་ཚལ་ལ་ཁ་གསབ་བྱས།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-14 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2004ལོ་བོད་ལྗོངས་རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཚལ་ཁ་གསབ་ཁྱབ་ཁོངས་ཁྲོད་བཅུག་པ་ནས་བཟུང་། ལོ་བཅུའི་དུས་ཡུན་ནང་། རྒྱལ་ཁབ་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར46.08བཏང་སྟེ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་ཁ་གསབ་ཐད་བཀོད་སྤྱོད་བྱས།

རང་སྐྱོང་ལྗོངས་ནགས་ལས་ཐིན་ནགས་ཚལ་ཐོན་ཁུངས་སྲིད་འཛིན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཅ་ཕིན་གྱིས་བཤད་རྒྱུར། 2013ལོའི་ལོ་མཇུག་བར་དུ་བོད་ལྗོངས་ས་ཁུལ7གྱི་རྫོང65གི་སྤྱི་ཕན་ནགས་ཚལ་མུའུ་དུང་ཕྱུར1.5ལྷག་ཁ་གསབ་བྱེད་པའི་ཁྱབ་ཁོངས་སུ་བཅུག་ཅིང་། ཁ་གསབ་གཞི་ཁྱོན་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་ནགས་ཚལ་མུའུ་རེར་སྒོར5རེ་ཁ་གསབ་བྱེད་པའི་ཚད་གཞི་ལྟར་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་རེར་བོད་ལྗོངས་ཀྱི་སྤྱི་ཕན་ནགས་ཚལ་ཁ་གསབ་དངུལ་སྒོར་དུང་ཕྱུར7.6ལྷག་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།

རྒྱལ་ཁབ་སྤྱི་ཕན་ནགས་ཚལ་ཁ་གསབ་ལས་གཞི་ལས་བོད་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ་པ་མ་ཟད་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད་པ་རེད། གཞི་གྲངས་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིངས1783.64ཟིན་པ་དང་། དེའི་ནང་ནགས་ཚལ་རྒྱ་ཁྱོན82.50%ཟིན་ཞིང་། ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་དེ11.91%ཟིན་ཡོད་པ་རེད། ཞིང་འབྲོག་མང་ཚོགས་ཁྲི8.4ལྷག་གིས་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ལས་དོན་སྒྲུབ་བཞིན་ཡོད་པ་དང་། མི་རེའི་ལོ་རེར་ཆ་སྙོམས་སུ་དངུལ་ལོ་ཡོང་འབབ་སྒོར5400འཕར་སྣོན་བྱུང་ཡོད་པ་རེད།

ལོ་ལྔ་འཆར་གཞི་བཅུ་གཉིས་པའི་རིང་། བོད་ལྗོངས་ཀྱིས་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར33.59བཏང་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་ལྔ་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ཏུ་ནགས་ལས་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར41.89ཟིན་རྒྱུ་ཡིན་ཞིང་། རིམ་རྩིས་བྱས་ན་ཞིང་འབྲོག་པ་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར14.18འཕར་སྣོན་བྱུང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག