འདི་ནི་ལས་བྱེད་མི་སྣས་སྡོང་ཕྲུག་ར་བའི་ནང་སྡོང་བོ་འཛུགས་བཞིན་པའི་ཚུལ་རེད།
འདི་ནི་ལས་བྱེད་མི་སྣས་སྡོང་ཕྲུག་ར་བའི་ནང་སྡོང་བོ་འཛུགས་བཞིན་པའི་ཚུལ་རེད།
འདི་ནི་ལས་བྱེད་མི་སྣས་སྡོང་ཕྲུག་ར་བའི་ནང་སྡོང་བོ་འཛུགས་བཞིན་པའི་ཚུལ་རེད།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ལྗང་སྒྱུར་མཛེས་ལྗོངས་ཇེ་ཡག་ཏུ་བཏང་སྟེ། གྲོང་ཁྱེར་གྱི་མི་སྡོད་ཁོར་ལེགས་བཅོས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྐྱེལ་ཚལ་ཅུའུ་ཡིས་ཟླ2པའི་ཚེས10ཉིན་ནས་བཟུང་སྐྱེད་ཚལ་ལྗང་སྒྱུར་བྱ་བ་སྤེལ་འགོ་བརྩམས་ཤིང་། “ད་ལོར་སྐྱེད་ཚལ་ཅུའུ་ཡིས་སྡོང་ཕྲུག་རིགས་གསར་བ་ནང་འདྲེན་བྱས་མེད་པས། སྐྱེད་ཚལ་ལྗང་སྒྱུར་བྱེད་པའི་སྡོང་ཕྲུག་རྐང་ཁྲི40ཡི་ཁྲོད་སྦྱར་ལྕང་དང་། ཡོ་འབོག ལྕང་མ། མེ་ཏོག་ཡང་ཧྭ། གངས་གསོམ་སོགས་འདུས་ཡོད། ”ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུའུ་ཡི་ཅུའུ་ཀྲང་སྒྲོལ་མས་གསར་འགོད་པར་བཤད་རྒྱུར། སྡོང་ཕྲུག་རྐང་ཁྲི40ལྷག་ཡོད་པ་འདི་དག་ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་གཞུང་ལམ་གཙོ་བོ་དང་། སྤྱི་གླིང་། སྤང་ལྗོངས་སོགས་སུ་འཛུགས་རྒྱུ་ཡིན་ཟེར། །