མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་འཛམ་གླིང་གི་གནས་སྐོར་བྱེད་ས་གཙོ་བོ་འཛུགས་སྐྲུན་བྱ་རྒྱུ་རེད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-13 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱ་མཚོས་ཚེས11ཉིན་བཤད་རྒྱུར། བོད་ལྗོངས་ཀྱིས་ཧུར་ཐག་ངང་གནས་སྐོར་གྱི་འཕེལ་རིམ་དང་། ཞབས་ཞུ་དོ་དམ་ཆུ་ཚད། གནས་སྐོར་བ་ཡོང་སའི་ཚོང་ར་གཏན་ཁེལ་བྱེད་པ་བཅས་མཐོར་འདེགས་བྱས་ཏེ། གནས་སྐོར་དང་རིག་གནས། སྐྱེ་ཁམས་བཅས་མཉམ་འདྲེས་ངང་འཕེ།ལ་རྒྱས་བྱུང་བར་སྐུལ་འདེད་བྱེད་པ་བརྒྱུད་དེ་འཛམ་གླིང་གི་གནས་སྐོར་བྱེད་ས་གཙོ་བོ་འཛུགས་སྐྲུན་བྱ་རྒྱུ་རེད།

ཁོས་བསྟན་དོན། བོད་ལྗོངས་ཀྱིས་ཡར་ཀླུང་གཙང་བོའི་གྲག་རོང་ཆེན་མོ་དང་། ཇོ་མོ་བླ་རི། གནམ་མཚོ། མངའ་རིས་ཀྱི་ལྷ་རི་བླ་མཚོ་སོགས་དཔེ་སྟོན་ནུས་བ་ལྡན་པའི་རྒྱལ་ཁབ་སྤྱི་གླིང་དུ་འཛུགས་སྐྲུན་བྱེད་རྒྱུ་རེད་ཟེར།

ན་ནིང་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1291སྣེ་ལེན་བྱས་ཤིང་དུས་མཉམ་ལས22%འཕར་བ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན་ཡོད་དེ། གནས་སྐོར་སྤྱིའི་ཡོང་སྒོར་དུང་ཕྱུར165མངོན་འགྱུར་བྱས་ཡོད་པས། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི20%ཟིན། གནས་སྐོར་ཐད་ཀྱི་ལས་ཞུགས་མི་སྣ་མི་ཁྲི30ལས་བརྒལ་ཡོད་པ་རེད།

བློ་བཟང་རྒྱ་མཚོས་བསྟན་དོན། བོད་ལྗོངས་ཀྱིས་ན་ནིང་ཕྱི་གླིང་བ་མི་ཐེངས་ཁྲི22.3སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་མི་ཐེངས་ཀྱི1.7%མ་གཏོགས་ཟིན་མེད། དེ་ལས་འཛམ་གླིང་གི་གནས་སྐོར་བྱེད་ས་གཙོ་བོ་འཛུགས་སྐྲུན་བྱེད་པའི་རེ་འདུན་དང་མི་འདང་ས་མང་པོ་ཡོད་ཟེར།

ཁོས་བཤད་རྒྱུར། ད་ལོར་བོད་ལྗོངས་ཀྱིས་གནས་སྐོར་ལས་རིགས་ཀྱི་ཚོགས་ཆེན་བསྡུ་རྒྱུ་ཡིན་པ་དང་། ཉམས་མྱོང་ཕྱོགས་བསྡུས་བྱས་ཏེ། དོན་དངོས་དང་བསྟུན་པའི་སྒོ་ནས་གནས་སྐོར་གྱི་འཕེལ་རྒྱས་ཐབས་ལམ་བཅོས་བསྒྱུར་བྱ་རྒྱུ་ཡིན་པ་མ་ཟད། ནུས་བ་ཆེན་པོ་བཏོན་ཏེ་བོད་ལྗོངས་ཀྱི་ཁྱད་ལྡན་གནས་སྐོར་ཐོན་ལས་རྒྱ་བསྐྱེད་རྒྱུ་ཡིན། དེ་མིན་རྒྱལ་ཁབ་གནས་སྐོར་ཅུའུ་དང་། འཛམ་གླིང་གནས་སྐོར་རྩ་འཛུགས་བཅས་ཀྱི་ཆེད་མཁས་པ་གདན་དྲངས་ཏེ་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་འོག་འཛམ་གླིང་གི་གནས་སྐོར་བྱེད་ས་གཙོ་བོ་འཛུགས་སྐྲུན་བྱེད་པར་འཆར་འགོད་བྱ་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག