མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་སྐོར་གཉིས་པར་དམིགས་བསལ་གསོ་སྦྱོང་བྱེད་པའི་བྱ་བ་སྤེལ་འགོ་བརྩམས་པ།

  ཡོང་ཁུངས། བོད་ལྗོངས་ཚོང་ལས་ཚགས་པར།  2014-03-13 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཉེ་བའི་ལོ་འདི་དག་རིང་ལ་བོད་ལྗོངས་ཀྱིས་ཆེད་ལས་ལག་རྩལ་མི་སྣར་དམིགས་བསལ་གསོ་སྦྱོང་བྱེད་པའི་བྱ་བ་གླེང་སྐབས། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཆེད་ལས་ལག་རྩལ་མི་སྣ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཏུང་ཆིན་ཀུ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། སློབ་མ་རྣམས་ཀྱིས་ནང་ལོག་ས་ཁུལ་གྱི་སློབ་གྲྭ་ཕུལ་བྱུང་དང་ཚན་རིག་ཞིབ་འཇུག་ཁང་ཕུལ་བྱུང་དུ་གསོ་སྦྱོང་བྱས་རྗེས། གྲུབ་འབྲས་མངོན་གསལ་རབ་དང་རིམ་པ་བླངས་ཡོད་དེ། དེ་བོད་ལྗོངས་ཀྱིས་ཆེད་ལས་ལག་རྩལ་མི་སྣར་གསོ་སྦྱོང་བྱེད་སའི་ཐབས་ལམ་ནུས་ལྡན་ཞིག་ཏུ་གྱུར་ཡོད་ལ། མིག་སྔར། བོད་ལྗོངས་ཀྱི་སྐོར་གཉིས་པའི་ཆེད་ལས་ལག་རྩལ་མི་སྣར་དམིགས་བསལ་གསོ་སྦྱོང་བྱེད་པའི་བྱ་བ་སྤེལ་འགོ་བརྩམས་ཤིང་། འཆར་གཞི་ལྟར་ན་ལོ་ལྔའི་ནང་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་མི་སྣ600གསོ་སྦྱོང་བྱ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག