མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ད་ལོར་ལས་འགོ་ཚུགས་པའི་རེ་བ་ཡོད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-13 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ལྕགས་ལམ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། མི་རྣམས་ཀྱིས་དོ་ཁུར་བྱེད་བཞིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ད་ལོར་ལས་འགོ་ཚུགས་རྒྱུའི་རེ་བ་ཡོད་པ་དང་། འཆར་གཞི་ལྟར་ན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ433ཡོད་པ་དང་། གསར་དུ་འཛུགས་སྐྲུན་བྱེད་དགོས་པའི་ལམ་ཐིག་སྤྱི་ལེ402ལྷག་ཡོད་དེ། མགྱོགས་ཚད་ནི་དུས་ཚོད་རེའི་སྤྱི་ལེ160རེ་ཡིན་ལ། ལམ་ཐག་ཧྲིལ་བོར་བསྡོམས་པས་ས་ཚུགས34ཡོད་ཅིང་། དེའི་ནང་ས་ཚུགས་ཆེན་པོ9ཡོད།

“མིག་སྔར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་དུས་རིམ་དང་པོའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་དེ། འཆར་གཞི་ལྟར་ན། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལེགས་འགྲུབ་འབྱུང་བའི་ཉིན་མོ་ནི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལས་འགོ་ཚུགས་པའི་ཉིན་མོ་ཡིན”ཞེས་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཡང་ཡུས་ལིན་གྱིས་དེ་ལྟར་བཤད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག