མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡུས་ཀྲེང་ཧྲིན་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-13 10:43

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲིན་སྐབས12པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲིན་སྐབས12པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

འཐུས་མི་ཚོས་གཏམ་བཤད་ལ་ཉན་རྗེས། ཡུས་ཀྲེང་ཧྲིན་གྱིས་བློ་མཐུན་ཀྲང་ཏའེ་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་བར་སྒོ་ཀུན་ནས་འཐད་པར་གསུང་། ཁོང་གིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་བྱ་བའི་མཛུབ་སྟོན་གསར་བ་དང་བླང་བྱ་གསར་བར་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང། “རྒྱལ་ཁབ་སྐྱོང་བར་ངེས་པར་ཏུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་ངེས་པར་ཏུ་བོད་ཁུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་ཡིད་ལ་དམ་པོར་བཅིངས་ནས། ཁྲིམས་ལྟར་བོད་ལྗོངས་སྐྱོང་དང་། དུས་ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པ་སོག་ས་ལས་བྱེད་མི་སྣར་ཏྰ་ལའི་རུ་ཚོགས་ཀྱིས“དབུ་མའི་ལྟ་བ་དང་རང་སྐྱོང་གཙང་མའི”ངོ་བོ་དང་གནོད་འཚེ་ལ་ངེས་ཤེས་ཟབ་མོ་སྤྱད་དེ། དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་བོད་ལྗོངས་ཀྱི་དུས་ཡུན་རིང་བའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག