མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བོགས་གཏོང་སྡོད་ཁང་གི་འཛུགས་སྐྲུན་བྱ་བ་ཡོངས་སུ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-13 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་རྫོང(ཁུལ)ཁག་ལ2014ལོའི་སྤྱི་པའི་བོགས་གཏོང་སྡོད་ཁང་སྐྲུན་པའི་འཆར་གཞི་བརྒྱུད་བསྒྲགས་བྱས་པ་དང་། གྲོང་ཁྱེར་ཡོངས་སུ2014ལོར་སྤྱི་པའི་བོགས་གཏོང་སྡོད་ཁང་ཁྱོན1180སྐྲུན་རྒྱུའི་འཆར་གཞི་ཡོད་ལ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་ཞི་མ47200ཡོད་པ་རེད།

སྤྱི་པའི་བོགས་གཏོང་སྡོད་ཁང་སྐྲུན་པའི་འཆར་གཞི་བརྒྱུད་བསྒྲགས་བྱས་པ་དེས། ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བོགས་གཏོང་སྡོད་ཁང་ཁྱོན་ཡོངས་སྐྲུན་འགོ་ཚུགས་པ་དེ་མཚོན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱས་ནས། རྣམ་གྲངས་དེ་དུས་བཅད་ལྟར་སྤུས་འབོར་གཉིས་ལྡན་ངང་སྐྲུན་རྒྱུར་འགན་ལེན་བྱས་ཏེ། མ་འཇོག་གི་ཕན་ནུས་ཐོན་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག